མེ་ཟོན་བགྲོད་ལམ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2023-12-26 10:27ལ་འགྲུབ།

མེ་ཟོན་བགྲོད་ལམ།

མེ་ཟོན་བགྲོད་ལམ།
མེ་ཟོན་བགྲོད་ལམ་ཞེས་པ་ནི་མེ་ཟོན་མི་སྣས་སྐྱོབ་ཐབས་དང་ཉེན་ཁར་གྱར་བའི་མི་སྣ་ཁ་འགྲེམ་བྱེད་པའི་བགྲོད་ལམ་ལ་ཟེར། དཔེར་ན་ཐོག་ཁང་གི་སྐས་ཀྱི་ཁ་དང་། བར་ཁྱམས་ཚང་མར་མེ་ཟོན་མེ་འགོག་གི་གློག་སྒྲོན་བཙུགས་ཡོད། མེ་ཟོན་བགྲོད་ལམ་གྱིས་ཉེན་ཁའི་གནས་ཚུལ་སྣ་ཚོགས་ཁྲོད་ཚོད་ནུས་པ་ཆེན་པོ་ཐོན་གྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
消防通道
ཕྱི་ཡིག་གི་མིང་།
Fire exits
རིགས་དབྱེ།
མེ་ཟོན།
1 ​བཅའ་ཁྲིམས་དང་ཁྲིམས་སྲོལ།

དོན་ཚན་ལྔ་པ། ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་ཚང་མར་མེ་ཟོན་མེ་འགོག་གི་བདེ་དོན་སྲུང་སྐྱོབ་དང་། མེ་ཟོན་མེ་འགོག་གི་སྒྲིག་བཀོད་ལ་སྲུང་སྐྱོབ་། མེ་སྐྱོན་སྔོན་འགོག མེ་སྐྱོན་ཉེན་བརྡ་གཏོང་བ་བཅས་ཀྱི་འོས་འགན་ཡོད། ལས་ཁུངས་གང་དང་དར་མ་སུ་ཞིག་ཡིན་རུང་ཚང་མར་སྒྲིག་འཛུགས་བྱས་པའི་མེ་ཟོན་ལས་ཀར་ཞུགས་པའི་འོས་འགན་ཡོད།

དོན་ཚན་བཅུ་དྲུག་པ། ལས་ཁུངས་དང་། ཚོགས་པ། ཁེ་ལས། བྱ་ལས་ལས་ཁུངས་བཅས་ཀྱིས་མེ་ཟོན་མེ་འགོག་གི་བདེ་སྲུང་འགན་འཁྲི་གཤམ་གསལ་དག་བསྒྲུབ་དགོས་པ་སྟེ།

(གཅིག)མེ་ཟོན་མེ་འགོག་གི་བདེ་སྲུང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ནས་ལས་ཁུངས་དེ་གའི་མེ་ཟོན་མེ་འགོག་གི་བདེ་སྲུང་ལམ་ལུགས་དང་མེ་ཟོན་མེ་འགོག་བདེ་སྲུང་བཀོལ་སྤྱོད་སྒྲིག་སྲོལ་གཏན་འབེབས་བྱ་རྒྱུ་དང་། མེ་ཟོན་དང་བབ་བསྟུན་གྱིས་ཕྱོགས་སོ་སོར་འགྲོ་བའི་སྔོན་བཀོད་འཆར་གཞི་བཟོ་དགོས།

(གཉིས)རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་ལྟར་མེ་ཟོན་མེ་འགོག་གི་སྒྲིག་བཀོད་དང་ཡོ་བྱད་བཀོད་སྒྲིག་བྱ་རྒྱུ་དང་། མེ་ཟོན་མེ་འགོག་གི་བདེ་སྲུང་མཚོན་རྟགས་སྒྲིག་དགོས་པ་མ་ཟད། དུས་བཀག་ལྟར་ཞིབ་བཤེར་དང་བདག་གཅེས་ཉམས་གསོ་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།

(གསུམ)བཟོ་སྐྲུན་གྱི་མེ་ཟོན་མེ་འགོག་གི་སྒྲིག་བཀོད་ལ་ལོ་རེར་ཉུང་མཐའ་ཡང་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱས་ནས་སྐྱོན་མེད་གོ་ཆོད་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། ཞིབ་དཔྱད་ཚད་ལེན་ཟིན་ཐོ་བཀོད་རིགས་ཆ་ཚང་བ་དང་འཕྱུགས་པ་མེད་པར་ཡིག་ཚགས་སུ་ཉར་ནས་དཔྱད་གཞིར་འཇོག་དགོས།

(བཞི)ཕྱོགས་བཞིར་འགྲོ་བའི་བགྲོད་ལམ་དང་། བདེ་འཇགས་འབུད་སྒོ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་ཤར་སྐྱོད་ཐུབ་པའི་འགན་སྲུང་བྱ་རྒྱུ་དང་། མེ་སྐྱོན་དང་དུད་སྐྱོན་འགོག་ཁུལ་དང་མེ་སྐྱོན་འགོག་ཁང་གི་བར་ཐག་དེ་མེ་ཟོན་མེ་འགོག་ལག་རྩལ་གྱི་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་དགོས།

(ལྔ)མེ་སྐྱོན་སྔོན་འགོག་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་དགོས།

(དྲུག)མེ་ཟོན་མེ་འགོག་ཐད་དམིགས་ཡུལ་ཡོད་པའི་དངོས་སྦྱོང་བྱ་རྒྱུའི་སྒྲིག་འཛུགས་བྱེད་དགོས།

(བདུན)བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་མེ་ཟོན་མེ་འགོག་གི་བདེ་སྲུང་འགན་འཁྲི་གཞན་དག་བརྩི་སྲུང་བྱེད་དགོས་པ་བཅས་སོ༎

ལས་ཁུངས་གྱི་འགན་འཁུར་བ་གཙོ་བོ་ནི་ལས་ཁུངས་དེ་གའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ་ཡིན།

དོན་ཚན་ཉེར་བརྒྱད་པ། ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་ཡིན་རུང་མེ་ཟོན་མེ་འགོག་གི་སྒྲིག་བཀོད་དང་ཡོ་བྱད་ལ་གཏོར་སྐྱོན་གཏོང་བ་དང་གཞན་དུ་སྤྱོད་པ། སྤྱོད་མཚམས་འཇོག་པ་བཅས་བྱས་མི་ཆོག་པ་དང་། མེ་ཟོན་ཆུ་སྒོ་སྦས་གནོན་དང་། མཚམས་བཀོད་བཅད་བཟུང་། གཡོ་འགེབས་བཅས་བྱེད་མི་ཆོག་པའམ་མེ་འགོག་ལ་མཁོ་བའི་བར་ཐག་བཟུང་སྤྱོད་བྱེད་མི་ཆོག་ལ། མི་འགྲོ་སའི་བགྲོད་ལམ་དང་། བདེ་འཇགས་འབུད་སྒོ། མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཅས་བཟུང་སྤྱོད་དང་བཀག་སྡོམ་བྱས་མི་ཆོག མི་ཚོགས་འདུ་འཛོམས་ཡོང་སའི་སྒོ་དང་སྒེའུ་ཁུང་ལ་ཉེན་གཡོལ་དང་མེ་ཟོན་རོགས་སྐྱོབ་བྱེད་པར་གནོད་པའི་བཀག་ཆ་བཀོད་སྒྲིག་བྱས་མི་ཆོག

དོན་ཚན་དྲུག་ཅུ་པ། ལས་ཁུངས་གང་དེ་བཅའ་ཁྲིམས་གཏན་འབེབས་དང་འགལ་ཏེ་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། ཡོ་བསྲང་བྱེད་འགན་དཀྲི་རྒྱུ་དང་། སྒོར་ལྔ་སྟོང་ཡན་ནས་སྒོར་ཁྲི་ལྔ་མན་གྱི་དངུལ་ཆད་གཅོད་རྒྱུ་སྟེ།

(གཅིག)མེ་ཟོན་མེ་འགོག་གི་སྒྲིག་བཀོད་དང་ཡོ་བྱད་དམ་ཡང་ན་མེ་ཟོན་མེ་འགོག་གི་བདེ་སྲུང་མཚོན་རྟགས་བཀོད་སྒྲིག་དང་གསར་འཛུགས་བྱས་ཚུལ་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་དང་མི་མཐུན་པའམ་ཡང་ན་སྐྱོན་མེད་གོ་ཆོད་ཡོང་བའི་སྲུང་འཛིན་བྱས་མེད་པའི་རིགས།

(གཉིས)མེ་ཟོན་མེ་འགོག་གི་སྒྲིག་བཀོད་དང་ཡོ་བྱད་ཆག་གྲུམ་བཏང་བ་དང་གཞན་དུ་སྤྱད་པའམ་རང་མཚམས་ཀྱིས་བཤིག་པ་དང་སྤྱོད་མཚམས་བཞག་པའི་རིགས།

(གསུམ)མི་འགྲོ་སའི་བགྲོད་ལམ་དང་ཉེན་མེད་ཐོན་སྒོ་བཟུང་སྤྱོད་དང་བཀག་རིགས་སམ་ཡང་ན་མི་འགྲོ་སའི་ཉེན་མེད་བྱེད་པར་འགོག་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག

(བཞི)མེ་ཟོན་ཆུ་སྒོ་སྦས་གནོན་དང་། མཚམས་བཀོད་བཅད་བཟུང་། གཡོ་འགེབས་བཅས་བྱས་པའམ་ཡང་ན་མེ་འགོག་ལ་མཁོ་བའི་བར་ཐག་བཟུང་སྤྱོད་བྱས་པའི་རིགས།

(ལྔ)མེ་ཟོན་རླངས་འཁོར་གྱི་བགྲོད་ལམ་བཟུང་སྤྱོད་དང་བཀག་རིགས་ཀྱིས་མེ་ཟོན་རླངས་འཁོར་ཤར་བགྲོད་ལ་འགོག་རྐྱེན་བཟོས་པའི་རིགས།

(དྲུག)མི་ཚོགས་འདུ་འཛོམས་ཡོང་སའི་སྒོ་དང་སྒེའུ་ཁུང་ཐོག་ཉེན་གཡོལ་དང་མེ་ཟོན་རོགས་སྐྱོབ་བྱེད་པར་གནོད་པའི་བཀག་ཆ་བཀོད་སྒྲིག་བྱས་པའི་རིགས།

(བདུན)སྤྱི་བདེ་ལས་ཁུངས་ཀྱི་མེ་ཟོན་མེ་འགོག་སྒྲིག་གཞི་ཡིས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་སེལ་དགོས་པའི་བརྡ་ཐོ་བཏང་རུང་དུས་ཐོག་ཏུ་བྱ་ཐབས་སྤྱད་དེ་སེལ་ཐབས་མ་བྱས་པའི་རིགས་བཅས་ཡིན།

མི་སྒེར་ལ་གོང་གསལ་ནང་གསེས་དོན་ཚན་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་བྱ་སྤྱོད་ལས་རིགས་གཅིག་བྱུང་ན། ཐ་ཚིག་སྒྲོག་རྒྱུའམ་ཡང་ན་དངུལ་ཆད་སྒོར་ལྔ་བརྒྱ་མན་གཅོད་དགོས།

དོན་ཚན་འདིའི་ནང་གསེས་དོན་ཚན་དང་པོའི་ཡང་གསེས་དོན་ཚན་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་བྱ་སྤྱོད་ཡོད་ཅིང་། ཡོ་བསྲང་བྱེད་དུ་བཅུག་ཀྱང་ཡོ་བསྲང་མ་བྱས་ན། བཙན་ཤེད་ཀྱིས་ལག་བསྟར་བྱེད་དུ་འཇུག་རྒྱུ་དང་། དེར་དགོས་པའི་འགྲོ་གྲོན་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་གྱིས་གཏོང་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།