ཀྲུང་གོའི་མེ་ཟོན་དྲིལ་བསྒྲགས་སྤྱི་ཕན་ཕོ་ཉ།སྔ་མའི་པར་གཞི་དེ བསེ་ཆང་རྡོ་རིན།  ནས 2023-12-26 10:22ལ་འགྲུབ།

ཀྲུང་གོའི་མེ་ཟོན་དྲིལ་བསྒྲགས་སྤྱི་ཕན་ཕོ་ཉ།

ཀྲུང་གོའི་མེ་ཟོན་དྲིལ་བསྒྲགས་སྤྱི་ཕན་ཕོ་ཉ།
སྤྱི་ལོ2021ལོའི་ཟླ11པར་འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུའུ་ཡིས་ཡོན་ཧྲི་ཀྲུང་ནན་ཧྲན་ཀྲུང་གོའི་མེ་ཟོན་དྲིལ་བསྒྲགས་སྤྱི་ཕན་ཕོ་ཉར་གདན་འདྲེན་ཞུས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国消防宣传公益使者
མི་སྣ།
ཀྲུང་ནན་ཧྲན།
1 ​འགན་བཞེས་པ།

སྤྱི་ལོ2021ལོའི“119”རྒྱལ་ཡོངས་མེ་ཟོན་ཉིན་མོ་འཆར་ཉེར་ཡོད་པ་དང་འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུའུ་ཡི་གདན་ཞུས་ལྟར། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”ཐོབ་མཁན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས“ཀྲུང་གོའི་མེ་ཟོན་དྲིལ་བསྒྲགས་སྤྱི་ཕན་ཕོ་ཉའི”འགན་བཞེས།

2 ལས་འགན།

དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་མེ་ཟོན་བདེ་འཇགས་ཤེས་བྱ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱ་ཆེད། འཕྲལ་སྡོམ་དོ་དམ་པུའི་མེ་ཟོན་རོགས་སྐྱོབ་ཅུའུ་ཡིས“119”མེ་ཟོན་ཉིན་མོར་རྒྱ་ཆེར་བཏང་ནས་ཟླ11པར་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་གཅིག་སྡུད་ཐོག་སྤེལ་རྒྱུ་དང་། དྲིལ་བསྒྲགས་ཟླ་བའི་རིང་རྒྱལ་ཡོངས་ས་གནས་ཁག་གིས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་རྒྱ་ཁྱབ་ངང་སྤེལ་རྒྱུ་དང་། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་མེ་ཟོན་བདེ་འཇགས་ལ“ལས་ཚབ”བྱས་ཏེ་དྲིལ་བསྒྲགས་བརྙན་ལམ་དང་བརྡ་ཁྱབ་བརྒྱུད་རྒྱ་ཆེའི་གྲོང་མི་ཚོར་མེ་ཟོན་བདེ་འཇགས་ལ་དོ་ཁུར་དང་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུའི་དྲན་སྐུལ་བྱ་རྒྱུ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མེ་སོན། ཕོ་ཉ། ཀྲུང་ནན་ཧྲན།