འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཅཱ་ཅཱ་ལིན།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-12-08 09:31ལ་འགྲུབ།

འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཅཱ་ཅཱ་ལིན།

འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཅཱ་ཅཱ་ལིན།
ཅཱ་ཅཱ་ལིན་སུའུ་ལེན་ནས་སྐྱེས་ལ། ལོ་ཉི་ཤུའི་སྟེང་དམག་ལ་ཞུགས་ཏེ་ལོ་ཉེར་གསུམ་སྟེང་ཁ་ལོ་ཧྥུ་དམག་དོན་མཁའ་སྐྱོད་སློབ་གྲྭའི་ཐོག་དང་པོའི་མཐར་ཕྱིན་སློབ་མ་ཡིན། ཁོང་གི་བློ་རིག་གསལ་ལ་ལག་རྩལ་བཟང་བས་ཚད་འཇལ་དང་རྒྱུགས་འབྲས་གང་ཡིན་རུང་ཕལ་ཆེར་ཆེས་ལེགས་པོ་ཡིན། སྤྱི་ལོ1960ལོར་ཅཱ་ཅཱ་ལིན་འཇིག་རྟེན་འཕུར་སྐྱོད་པར་བདམས་ལ། སྔོན་མེད་འཕུར་སྐྱོད་མཇུག་རྫོགས་རྗེས་ཅཱ་ཅཱ་ལིན་རོ་ཁི་ཧྥུ་སི་ཅི་སྐམ་དམག་བཟོ་བསྐྲུན་སློབ་གྲྭ་ནས་ཟབ་སྦྱོང་བྱས་ཏེ་རྒྱུགས་འབྲས་ལེགས་པོ་བླངས་ནས་སློབ་མཐར་ཕྱིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
加加林
རྒྱལ་ཁོངས།
སུའུ་ལེན།
སྐྱེས་ལོ།
སྤྱི་ལོ1934ལོའི་ཟླ3པའི་ཚེས9ཉིན།
འདས་ལོ།
སྤྱི་ལོ1968ལོའི་ཟླ་3པའི་ཚེས27ཉིན།
1 ​ངོ་སྤྲོད་མདོར་བསྡུས།

སྤྱི་ལོ1961ལོའི་ཟླ4པའི་ཚེས12ཉིན་གྱི་མའོ་སི་ཁོའི་དུས་ཚོད་དགུ་དང་སྐར་མ་བདུན་གྱི་སྟེང་འཛམ་གླིང་སྟེང་མི་བསྡད་ཡོད་པའི་འཇིག་རྟེན་འཕུར་གྲུ་ཨང་དང་པོ་སྟེ“ཤར་ཕྱོགས་དང་པོ”དེ་པའེ་ཁོ་ནུའུ་ཨེར་འཕུར་སྐྱོད་ལྟེ་གནས་ནས་མཁའ་དབྱིངས་སུ་འཕུར། འཕུར་གྲུ་དེའི་སྟེང་དུ་ཅཱ་ཅཱ་ལིན་བསྡད་ཡོད་པ་དང་སའི་གོ་ལར་འཁོར་ལམ་བརྒྱུད་ནས་བསྐོར་བ་ཐེངས་ཤིག་བརྒྱབ་པ་ལས་དུས་ཚོད་གཅིག་དང་སྐར་མ་ཞེ་བརྒྱད་ཀྱི་རྗེས་སུ་བདེ་བླག་ངང་ཧཱ་སཱ་ཁི་སི་ཐེན་གྱི་ཁོད་ཡངས་པའི་རྩྭ་ཐང་དུ་བབས། གནམ་གྲུའི་སྒོ་ཕྱེ་བ་དང་ཆབས་ཅིག་ཡིའུ་ལི•ཅཱ་ཅཱ་ལིན(སྤྱི་ལོ1934ནས་སྤྱི་ལོ1968ལོའི་བར)གྱི་མིང་དང་གདོང་གི་འཛུམ་དེ་འཛམ་གླིང་ཡོངས་ལ་གྲགས།

ཡིའུ་ལི•ཅཱ་ཅཱ་ལིན་གྱི་བདེ་བླག་ངང་འཇིག་རྟེན་འཕུར་སྐྱོད་ཀྱི་ལས་འགན་འགྲུབ་པས་མིའི་རིགས་མཁའ་དབྱིངས་སུ་བསྐྱོད་པའི་ཕུགས་བསམ་མངོན་འགྱུར་བྱུང་། ཅཱ་ཅཱ་ལིན་ནི་འཇིག་རྟེན་འཕུར་སྐྱོད་པ་ཐོག་མ་ཡིན་པས་ཁོང་ལ“སུའུ་ལེན་གྱི་དཔའ་རྒོད”ཞེས་པའི་ ཚོ་ལོ་སྩལ། ཁོང་གིས་ཁ་ལོ་བསྒྱུར་པའི “ཤར་ཕྱོགས་དང་པོ "འཕུར་གྲུ་ནི་འཛམ་གླིང་སྟེང་མི་བསྡད་དེ་ཕྱི་རོལ་མཁའ་དབྱིངས་སུ་ཉུལ་བའི་འཕུར་སྐྱོད་འཕྲུལ་ཆས་ཐོག་མ་ཡིན།

དུས་དེ་ནས་བཟུང་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ།

ཅཱ་ཅཱ་ལིན་སུའུ་ལེན་ནས་སྐྱེས་ལ། ལོ་ཉི་ཤུའི་སྟེང་དམག་ལ་ཞུགས་ཏེ་ལོ་ཉེར་གསུམ་སྟེང་ཁ་ལོ་ཧྥུ་དམག་དོན་མཁའ་སྐྱོད་སློབ་གྲྭའི་ཐོག་དང་པོའི་མཐར་ཕྱིན་སློབ་མ་ཡིན། ཁོང་གི་བློ་རིག་གསལ་ལ་ལག་རྩལ་བཟང་བས་ཚད་འཇལ་དང་རྒྱུགས་འབྲས་གང་ཡིན་རུང་ཕལ་ཆེར་ཆེས་ལེགས་པོ་ཡིན། སྤྱི་ལོ1960ལོར་ཅཱ་ཅཱ་ལིན་འཇིག་རྟེན་འཕུར་སྐྱོད་པར་བདམས་ལ། སྔོན་མེད་འཕུར་སྐྱོད་མཇུག་རྫོགས་རྗེས་ཅཱ་ཅཱ་ལིན་རོ་ཁི་ཧྥུ་སི་ཅི་སྐམ་དམག་བཟོ་བསྐྲུན་སློབ་གྲྭ་ནས་ཟབ་སྦྱོང་བྱས་ཏེ་རྒྱུགས་འབྲས་ལེགས་པོ་བླངས་ནས་སློབ་མཐར་ཕྱིན།

ཅཱ་ཅཱ་ལིན་ལ་ང་རྒྱལ་གྱི་བསམ་བློ་མེད་པར་མུ་མཐུད་དུ་སྦྱོང་བརྡར་བྱས་ཏེ་མཁའ་བསྐྱོད་ཐེངས་གཉིས་པ་བྱ་རྒྱུའི་སྟ་གོན་མཛད།

སྤྱི་ལོ1968ལོའི་ཟླ3པའི་ཚེས27ཉིན་ཅཱ་ཅཱ་ལིན་དང་སློབ་སྟོན་པ་གནམ་གྲུར་བསྡད་དེ་སྦྱོང་བརྡར་བྱས། དུས་ཚོད་བཅུ་དང་ཕྱེད་ཀའི་སྟེང་ས་ཐོག་ན་ཡོད་པའི་བཀོད་འདོམས་ལྟེ་གནས་ལ་ཁོང་གིས་བཏང་བའི་མཐའ་མཇུག་གི་བརྡ་རྟགས་འབྱོར། དུས་ཚོད་བཅུ་དང་སྐར་མ་སོ་གཅིག་སྟེང་གནམ་གྲུ་སར་ལྷུང་བས་ཁོང་གཉིས་ཀ་རྐྱེན་ལམ་དུ་ཤོར། ཅཱ་ཅཱ་ལིན་ལོ་སོ་བཞི་ལས་མ་གསོན་རུང་ཁོང་ཉིད་ཀྱི་འཕུར་སྐྱོད་བྱ་གཞག་ལ་བཅངས་པའི་དུང་སེམས་ལ་མི་ཚང་མའི་རྗེས་སུ་ཡི་རངས་བྱེད།