གདོད་མའི་མིའི་རིགས་ཀྱིས3Dགྲུབ་ཚུལ་རི་མོ་བཏོན་པ།
ཨ་རིའི《སྦྲེལ་མཐུད》དུས་དེབ་ཐོག་སྤེལ་བའི་གནས་ཚུལ་ལ་གཞིགས་ན། འདས་ཟིན་པའི་ལོ་བཅུ་ཕྲག་ཁ་ཤས་ནང་གནའ་བོའི་སྐྱེ་དངོས་སྒྱུ་རྩལ་མཁས་ཅན་གྱིས་བརྐོས་རིས་དང་རི་མོ་བརྒྱུད་དེ། དེང་རབས་མིའི་རིགས་ལ་གནའ་བོའི་མིའི་རིགས་ཀྱི་འཕེལ་འགྱུར་དང་འཕེལ་རྒྱས་སྐོར་གླེང་བ་དང་། ལག་རྩལ་ཡོ་བྱད་གསར་པས་གནའ་བོའི་མིའི་རིགས་ལ་གསོན་ཤུགས་གསར་པ་སྦྱིན་ཡོད། ཨ་རིའི་གནའ་བོའི་སྐྱེ་དངོས་སྒྱུ་རྩལ་མཁས་ཅན་གྱིས་ད་ལྟ་གདོད་མའི་མིའི་རིགས་ཀྱི3Dགྲུབ་ཆའི་རི་མོ་བཟོས་ཡོད།
རྩིས་འཁོར་བརྒྱུད་ནས་གདོད་མའི་མིའི་རིགས་ཀྱི3Dགྲུབ་ཚུལ་ཞིབ་མོར་འབྲི་ཐུབ་པས། དེ་དག་དེང་རབས་ཀྱི་མིའི་རིགས་ལ་ཇི་མ་ཇི་བཞིན་དུ་མངོན་པར་བྱས། གནའ་བོའི་སྐྱེ་དངོས་སྒྱུ་རྩལ་མཁས་ཅན་ཝེ་ཁེ་ཏུའོ—ཏི་ཁུViktor Deakཡིས“ངས་གདོད་མའི་མིའི་རིགས་ཀྱི་གདོང་རིས་ངོ་མ་མཐོང་བའི་རེ་བ་ཡོད། ངས་གདོད་མའི་མིའི་རིགས་འཚོ་གནས་ཀྱི་འཇིག་རྟེན་ངོ་མ་མཐོང་ཐུབ་པའི་རེ་བ་ཡོད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཏི་ཁུས་བསྐྲུན་པའི་གདོད་མའི་མིའི་རིགས་ཀྱི3Dདཔེ་དབྱིབས་དེ་ཨ་རིའི་སྤྱི་པའི་རླུང་འཕྲིན་ཀུང་སིའི་ཟླ11པའི་འཕྲིན་ལམ་ལེ་ཚན་ནང་བསྟན་པ་རེད།
ཁོང་གིས་བཟོས་པའི་གདོད་མའི་མིའི་རིགས་ཀྱི་དཔེ་དབྱིབས་པར་བརྒྱབ་ནས་རྩིས་འཁོརPhotoshopནང་མཉེན་ཆས་སྤྱད་དེ། གདོད་མའི་མིའི་རིགས་ཀྱི་དཔེ་དབྱིབས་ཐོག་རི་མོ་དང་འོད་ཐིག་བརྒྱ་ཕྲག་བསྣན་ནས་ཕན་འབྲས་ཆེ་ཤོས3Dམངོན་འགྱུར་བྱུང་།
ཏི་ཁུས“དེ་ནི་བལྟས་ན་ཧ་ཅང་དོན་དངོས་དང་མཐུན་པ་ཞིག་རེད། དུས་ཚོད་སྐར་ཆ་ཁ་ཤས་སྤྱད་ནས་བལྟས་ཚེ་ཁྱེད་ཀྱིས་དེ་ནི་བརྐོས་རིས་དཔེ་དབྱིབས་དང་རི་མོའི་མཉེན་ཆས་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཞིག་མིན་པར། གསོན་ཉམས་ལྡན་པའི་གདོད་མའི་མིའི་རིགས་ཀྱིས་རང་ཉིད་ཀྱི་མིག་མདུན་མངོན་པར་བྱས་པ་ཡིན”ཞེས་བཤད།