ལག་ཤེས་ངལ་རྩོལ།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:22ལ་འགྲུབ།

ལག་ཤེས་ངལ་རྩོལ།

ལག་ཤེས་ངལ་རྩོལ།
​སློབ་གསོའི་ཁྱབ་ཁོངས་ཀྱི་བརྡ་ཆད་ཅིག་སྟེ། ལག་ཤེས་ངལ་རྩོལ་ནི་སློབ་ཆུང་རིག་ཚན་གྱི་སློབ་ཚན་ཞིག་ཡིན། སྤྱི་ལོ1955ལོའི་ཟླ9པར། ཀྲུང་གོའི་སློབ་གསོ་པུའུ་ཡིས་སྤེལ་བའི 《སློབ་ཆུང(བཞི་གཉིས་ལམ་ལུགས)གི་སློབ་ཁྲིད་འཆར་གཞི(འཆར་ཟིན)》ནང་སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པའི་བར་སློབ་ཚན་འདི་ཁ་སྣོན་བྱ་རྒྱུའི་གཏན་འབེབས་བྱས། དེའི་དམིགས་ཡུལ་ནི་སློབ་མ་རྣམས་ལ་གཞི་རྩའི་ཐོན་སྐྱེད་ཀྱི་ཤེས་བྱ་ཁ་ཤས་ཐོབ་ཏུ་འཇུག་པ་དང་། སྟབས་བདེའི་ཐོན་སྐྱེད་ཡོ་བྱད་ཁ་ཤས་བེད་སྤྱོད་བྱས་ནས་འཇོན་ཐང་ཆེ་རུ་གཏོང་བ་དང་། གུང་ཁྲན་རིང་ལུགས་ཀྱི་ངལ་རྩོལ་རྣམ་འགྱུར་ཆགས་པའི་ཆེད་དུ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
手工劳动
ཁྱབ་བསྒྲགས་དུས་ཚོད།
སྤྱི་ལོ1955ལོའི་ཟླ9པ།
1 ནང་དོན་གཙོ་བོ།

ལས་སྣོན་བྱེད་སླ་བའི་རྒྱུ་ཆ་སྟེ། དཔེར་ན། ཤོག་བུ་དང་། ཤོག་བུ་མཐུག་པོ། ཤིང་ཆ། ལྕགས་ལེབ་མཉེན་མོ། ལྕགས་སྐུད་སོགས་བཀོལ་ནས་རང་བྱུང་དང་ས་ཁམས། སྐད་ཡིག ཨང་རྩིས་སོགས་ཀྱི་སློབ་ཁྲིད་ཡོ་བྱད་དང་། ལུས་རྩལ་དང་རོལ་རྩེད་ཀྱི་ཡོ་བྱད་དང་རྩེད་ཆས་བཟོ་དགོས། སློབ་གྲྭའི་ལྡུམ་ར་དང་གཞོང་སྟེགས་སྤྱད་དེ་མེ་ཏོག་དང་ལོ་ཏོག་འདེབས་གསོ་བྱེད་པ། ལས་རིགས་ལ་གཞིགས་ནས་ཤོག་བཟོ་དང་། འཇིམ་ལས། འཐག་བཟོ་སོགས་ལས་རིགས་སྣ་མང་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་ཤེས། ངལ་རྩོལ། ལས་སྣོན།