ལག་ཤེས་ལས་རིགས།སྔ་མའི་པར་གཞི་དེ མིང་གསང་KFFR35816  ནས 2023-08-17 09:25ལ་འགྲུབ།

ལག་ཤེས་ལས་རིགས།

ལག་ཤེས་ལས་རིགས།
​ལག་ཤེས་ལས་རིགས་ནི་ལག་ཆ་སྟབས་བདེ་སྤྱད་དེ་ལག་ཤེས་ངལ་རྩོལ་ལ་བརྟེན་ནས་གཞི་ཁྱོན་ཆུང་བའི་ཐོན་སྐྱེད་བྱེད་པའི་བཟོ་ལས་ལ་ཟེར། དེ་ཐོག་མར་ཞིང་ལས་དང་གཞི་གཅིག་ཏུ་འདྲེས་ནས་ཞིང་པའི་ཞོར་ལས་རང་བཞིན་གྱི་ཁྱིམ་ཚང་ལག་ཤེས་ལས་རིགས་ལ་གཏོགས། ཞིང་པས་རང་ཉིད་ཀྱིས་ཐོན་སྐྱེད་བྱས་པའི་ཞིང་ཞོར་ཐོན་རྫས་རྒྱུ་ཆར་བརྩིས་ནས་ལས་སྣོན་བྱེད་པའམ་ཡང་ན་ངལ་རྩོལ་ཡོ་བྱད་དང་ཉིན་མཁོའི་སྣོད་ཆས་ཁ་ཤས་བཟོས་ལ། དེའི་ཐོན་རྫས་ཀྱིས་རང་ཉིད་ཀྱི་དགོས་མཁོ་སྐོང་བ་ལས་གཞན་ལྷག་མ་རྣམས་ཕྱིར་བཙོང་བ་ཡིན། སྤྱི་ཚོགས་ཀྱི་ལས་བགོས་ཆེན་པོ་ཐེངས་གཉིས་པ་བྱས་པ་དང་བསྟུན་ནས་ལག་ཤེས་ལས་རིགས་དེ་ཞིང་ལས་ནས་ཁ་བྲལ་ཏེ་རང་ཚུགས་ཀྱི་ཁེར་རྐྱང་ལག་ཤེས་ལས་རིགས་ཆགས་ཡོད། ཁེར་རྐྱང་ལག་ཤེས་ལས་རིགས་ཀྱི་ཁྱད་ཆོས་ནི་ཁྱིམ་ཚང་རེ་རེ་སྡེ་ཚན་དུ་བྱས་ནས་སྒེར་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ་སྤྱད་དེ་ཁ་ཐོར་ངང་གཉེར་སྐྱོང་བྱེད་པ་དེ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
手工业
ཕྱི་ཡིག་གི་མིང་།
handicraft industry
བྱེད་སྟངས།
​ལག་ཤེས་ངལ་རྩོལ་ལ་བརྟེན་པ།
དམིགས་ཡུལ།
བཟོ་ལས་ཐོན་སྐྱེད་དང་འཚོ་བའི་མཁོ་རྫས་ཐོན་སྐྱེད་བྱེད་པ།
ཁྱད་ཆོས།
ཁྱིམ་ཚང་རེ་རེ་སྡེ་ཚན་དུ་བྱས་ནས་སྒེར་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆས་ཁ་ཐོར་གྱིས་བདག་གཉེར་བྱེད་པ།
འབྲེལ་ལྡན་ཐོན་ལས།
ལྕགས་བཞུའི་ལས་རིགས། འཁེལ་འཐག་ལས་རིགས་སོགས།
1 ངོ་སྤྲོད།

ཐོག་མར་ཞིང་ལས་དང་འབྲེལ་བ་དམ་ཟབ་ཡོད་པས་ཞིང་པའི་ཞོར་ལས་རང་བཞིན་གྱི་ཁྱིམ་ཚང་ལག་ཤེས་ལས་རིགས་ལ་གཏོགས། སྤྱི་ཚོགས་ཀྱི་ལས་བགོས་ཆེན་པོ་ཐེངས་གཉིས་པ་བྱས་པ་བརྒྱུད་ལག་ཤེས་ལས་རིགས་དེ་ཞིང་ལས་དང་བྲལ་ནས་རང་ཚུགས་ཀྱི་ཁེར་རྐྱང་ལག་ཤེས་ལས་རིགས་ཆགས། དེའི་ཁྱད་ཆོས་ནི་དུད་ཚང་རེ་རེ་སྡེ་ཚན་དུ་བྱས་ནས་སྒེར་དབང་ཐོན་སྐྱེད་རྒྱུ་ཆ་ཁ་ཐོར་དུ་གཉེར་སྐྱོང་བྱེད་པ་དང་། རིགས་གཙོ་བོ་ནི་རང་ཐོན་རང་འཚོང་གི་ལག་ཤེས་ལས་རིགས་དང་། ཐད་ཀར་འཛད་སྤྱོད་བྱེད་མཁན་ལ་ཞབས་འདེགས་ཞུ་བའི་འཁོར་རྒྱུག་ལག་ཤེས་ལས་རིགས་དང་། ཉོ་མཁན་ནམ་བཟོ་གྲྭར་ལས་སྣོན་བྱེད་པའི་ལག་ཤེས་ལས་རིགས་བཅས་རེད། རྗེས་སུ་མ་རྩའི་རིང་ལུགས་ཀྱིས་སྟབས་བདེའི་མཉམ་ལས་བྱེད་པའི་ལག་ཤེས་ལས་རིགས་ཀྱི་བཟོ་ཁང་དང་བཟོ་རའི་ལག་ཤེས་ལས་རིགས་སུ་འཕེལ་རྒྱས་བཏང་།

ཀྲུང་གོའི་ལག་ཤེས་ལས་རིགས་ཀྱི་ལོ་རྒྱུས་རིང་ལ་ལས་རིགས་མང་བ་དང་། ཁྱབ་རྒྱ་ཆེ་བས་རྒྱལ་དམངས་དཔལ་འབྱོར་གྱི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད། སྤྱི་ལོ1949ལོའི་རྗེས་སུ་ལག་ཤེས་ལས་རིགས་པ་སྤྱི་ཚོགས་རིང་ལུགས་མཉམ་ལས་ཅན་གྱི་ལམ་དུ་བསྐྱོད་པར་མ་ཟད། རིམ་བཞིན་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པས། ལག་ཤེས་ལས་རིགས་དར་རྒྱས་བྱུང་བ་དང་། འཕྲུལ་ཆས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ། མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བྱུང་བ་མ་ཟད་གསར་གཏོད་ཀྱང་བྱས། ལག་ཤེས་ལས་རིགས་འཕེལ་རྒྱས་བཏང་ན་ཉེར་མཁོའི་འཛད་རྫས་ཐོན་སྐྱེད་དང་། སྒྱུ་རྩལ་གྱི་རྩ་ཆེའི་དངོས་རྫས་གསར་རྩོམ། མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་འཚོ་བའི་དགོས་མཁོ་སྐོང་བ། ལས་ཞུགས་ཀྱི་གོ་སྐབས་མང་དུ་གཏོང་བ། རྒྱལ་དམངས་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཀྲུང་གོའི་ལག་ཤེས་ལས་རིགས་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་སྟེ། རྒྱལ་ནང་གི་ཚོང་རྭར་ལག་ཤེས་ལས་རིགས་ཀྱི་ཐོན་རྫས་བྲིན་པོ་ཡོང་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཚོང་རྭའི་ཐོག་དགའ་བསུ་ཡང་ཐོབ་ནས་རྒྱལ་ཁབ་ལ་ཕྱི་རྒྱལ་གྱི་དངུལ་བརྗེས་གསར་སྐྲུན་དང་གསོག་འཇོག་འཕར་སྣོན་བྱེད་པར་ནུས་པ་ངེས་ཅན་ཞིག་ཐོན་ཡོད།

2 ཁོངས་གཏོགས་ཐོན་ལས།

ལྟ་བ་དང་པོ། ཐོན་ལས་དང་པོར་གཏོགས་པ། (ཞིང་ལས)

དེའི་རྒྱུ་མཚན་ནི་ལག་ཤེས་ལས་རིགས་ནི་སྔར་བཞིན་ལག་ཤེས་ངལ་རྩོལ་གྱི་ཁོངས་སུ་གཏོགས་པ་དང་། ཞིང་ལས་དཔལ་ཡོན་གྱི་ཐོན་དངོས་ཤིག་རེད།

ལྟ་བ་གཉིས་པ། ཐོན་ལས་གཉིས་པའི་ཁོངས་སུ་གཏོགས་པ། (བཟོ་ལས)

དེའི་རྒྱུ་མཚན་ནི་ཐོག་མར་ཡི་གེའི་ངོས་ལ་བལྟ་དགོས་པ་སྟེ། ལག་ཤེས་ལས་རིགས་དང་། ལག་ཤེས——ལས་རིགས་བཅས་ཡིན། བཟོ་ལས་ཀྱི་ཡན་ལག་ཅིག་ཡིན་པས་ཐོན་ལས་གཉིས་པར་གཏོགས།

ཐོན་ལས་དང་པོ་སྟེ། ཞིང་ལས་ལ་ཞིང་ལས་དང་། ནགས་ལས། འབྲོག་ལས། ཉ་ལས་སོགས་ཚུད་ཡོད།

ལྕི་བའི་བཟོ་ལས་དང་ཡང་བའི་བཟོ་ལས་ཚུད་པའི་ཐོན་ལས་གཉིས་པ་དང་། བཟོ་ལས་ཀྱི་ཁོངས་སུ་ལག་ཤེས་ལས་རིགས་ཀྱང་ཚུད་ཡོད།

ཐོན་ལས་གསུམ་པ། ཞབས་ཞུའི་ལས་རིགས་ལ་ཟས་གོས་འགྲོ་སྡོད་གསུམ་ཚུད་ཡོད།

ཚང་མས་བཟོ་ལས་ཐོས་མ་ཐག་འཕྲུལ་ཆས་སྒྲིག་ཆས་ཀྱི་བཟོ་གྲྭ་ཆེན་པོ་ཞིག་ཏུ་བརྩི་མི་རུང་། དོན་དངོས་སུ་བཟོ་གྲྭ་ཆུང་བ་མང་པོ་ཞིག་བཟོ་ལས་ཀྱི་ཁྱབ་ཁོངས་སུ་གཏོགས་ཡོད་དེ། མེ་ཏོག་འཛུགས་པ་དང་། རྩྭ་ཞྭ་སྒྲིག་པ། ལྷམ་འཇོག་པ། ཇ་བརྔོས་མ་སོགས་གང་ཡིན་རུང་ཚང་མ་བཟོ་གྲྭ་ཆུང་བ་ཡིན་ལ། མིང་ལ་ལས་གྲྭ་ཟེར།

བཟོ་ལས་ནི་ལས་རིགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ནི་བཟོ་སྐྲུན་ཡིན་ཞིང་། དེའི་ཁྱད་ཆོས་ནི་རྒྱུ་ཆ་དང་རྒྱུ་ཆས་ཐད་ཀར་འཚོ་བ་དང་ཐོན་སྐྱེད་ལ་བེད་སྤྱོད་བྱེད་ཐུབ་པའི་ཐོན་རྫས་སུ་བཟོ་སྐྲུན་བྱས་པ་སྟེ། བེད་སྤྱོད་ཀྱི་རིན་ཐང་ལྡན་པའི་ཚོང་ཟོག་ཐོན་པ་དེ་ཡིན། ལག་ཤེས་ལས་རིགས་ལ་དེ་འཛོམས་ཡོད།

སྤྱིར་བཏང་དུ་ལག་ཤེས་ལས་རིགས་པ་ནི་ཞིང་པ་ཡིན་པ་མ་ཟད། ལས་ཡུལ་མང་ཆེ་བ་གྲོང་གསེབ་ཏུ་ཡོད་པས་ཚང་མས་སྣང་ཚུལ་དེ་གཞིར་བཟུང་ནས་ལག་ཤེས་ལས་རིགས་དེ་ཞིང་ལས་ཡིན་པའི་ཐག་གཅོད་མི་རུང་བར་ངོ་བོའི་ཐོག་ནས་དབྱེ་བ་འབྱེད་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་ཤེས། ལས་རིགས། ཐོན་ལས།