སྡེ་ཚན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-31 08:04ལ་འགྲུབ།

སྡེ་ཚན།

༡ རིགས་དང་རྣམ་པ་སོགས་ལོགས་སུ་བཀར་བའི་ཚན་པ། ༢ མིའི་ཚོགས་པའི་ཚན་ཁག་སྐོར་ཞིག
1 ལོ་ཙཱ།

རྒྱ་ཡིག 种别,单元,组

དབྱིན་ཡིག unit, section, department

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  1.དངོས་རྫས་ཀྱི་རྩིས་གཞིའི་ཚད་ཀྱི་མིང་སྟེ། རིང་ཐུང་གི་རྩིས་གཞིའི་སྡེ་ཚན་ནི་ཕུན་དང་ཚུན་དང་ཁྲུ་སོགས་ཡིན། ལྕི་ཡང་གི་རྩིས་གཞིའི་སྡེ་ཚན་ནི་ཞོ་དང་སྲང་རྒྱ་མ་སོགས་ཡིན། དུས་ཚོད་ཀྱི་རྩིས་གཞིའི་སྡེ་ཚན་ནི་མེའོ་དང་ཕུན་ཁེ་དུས་ཆུང་སོགས་ཡིན། དྲོད་ཀྱི་རྩིས་གཞིའི་སྡེ་ཚན་ནི་ཧྲེ་ཧྲི་ཏུའུ་སོགས་ཡིན་པ་ལྟ་བུ། 2.བྱ་དངོས་མང་བོ་ཚད་ངེས་ཅན་ལྟར་སྐོར་དུ་མར་ཕྱེ་བའི་སྐོར་གཅིག་གི་མིང་སྟེ། བོད་ཡིག་སྡེ་བ་ཕྱེད་དང་བརྒྱད་གནས་པའང་། སྡེ་ཚན་ལྔ་རུ་དྲིལ་བྱས་ནས་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  སྡེ་ཚན་དང་པོ་གཉིས་པ་ལྟ་བུ།  部类,单位,如第一类,第二类。【增】如第一类,第二类。【增】藏文字母的分部。﹝达﹞

3.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ཚོ་དང་།  བམ་པོ།  ལེ་ཚན།  དུམ་བུ།  ཡིག་རིགས་ཁག་མང་ཕར་ཚུར་མི་འདྲེས་པའི་ཆེད་དུ་སྡེ་ཚན་དུ་སྡེམ་པ།  དངོས་རིགས་ཡག་ཉེས་གང་དང་གང་ཡིན་སྡེ་ཚན་སྤུ་རིས་འབྱེད་པ།    

4.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  ཚོ་དང༌། བམ་པོ། ལེ་ཚན། དུམ་བུ། 种别,部类,集团;单元,章节,组:ཡིག་རིགས་ཁག་མང་ཕར་ཚུར་མི་འདྲེས་པའི་ཆེད་དུ་སྡེ་ཚན་དུ་སྡེམ་པ། 为使各种文件不相混淆,进行分类。དངོས་རིགས་ཡག་ཉེས་གང་དང་གང་ཡིན་སྡེ་ཚན་སྤུ་རིས་འབྱེད་པ། 分清物品种类是好是坏。

5.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  མིང་ཚིག ① རིགས་དང་རྣམ་པ་སོགས་ལོགས་སུ་བཀར་བའི་ཚན་པ།  དཔེར་ན།  དཔེ་མཛོད་ཁང་གི་དཔེ་དེབ་རྣམས་སྡེ་ཚན་ལོགས་སུ་བཀར་བ།  ལས་ཀ་སྡེ་ཚན་སོ་སོར་ཕྱེ་བ།  ཞིབ་འཇུག་གི་སྡེ་ཚན་མི་འདྲ་བ་ལྟ་བུ།  ② མིའི་ཚོགས་པའི་ཚན་ཁག་སྐོར་ཞིག  དཔེར་ན།  སྡེ་ཚན་སོ་སོའི་མི་སྣ།  སྤོ་ལོ་རྩེ་མཁན་གྱི་སྡེ་ཚན་གཉིས།