སྡེ་པ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-31 08:04ལ་འགྲུབ།

སྡེ་པ།

༡ ཞིང་སྡེའི་གྲོང་སྡེའི་མིང་། ༢ གསལ་བྱེད་ཀྱི་སྡེ་ཚན། ༣ སྔར་རྒྱ་གར་གྱི་སངས་རྒྱས་པ་ཚོར་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ། མང་པོས་བཀུར་བ། ཕལ་ཆེན་པ་སྟེ་རྩ་བའི་སྡེ་པ་ལ་བཞི་ཡོད་པས་གྲངས་བཞི་མཚོན། ༤ མི་གཞན་དག་ལ་གོ
1 ལོ་ཙཱ།

རྒྱ་ཡིག 酋长,字母组,部

དབྱིན་ཡིག 1.person in charge of an estate or province 2.chief of a territory 3.group of letters in the Tibetan alphabet

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  ①གནའ་བོའི་གྲོང་སྡེའི་མགོ་དཔོན་གྱི་མིང་། ②སྔོན་བོད་ས་གནས་སྲིད་གཞུང་གི་དཔོན་རིགས་ཀྱི་གོ་ས་སྡེ་སྲིད་འཁུར་མཁན་གྱི་དཔོན་རིགས་ཀྱི་མིང་།

2.བརྡ་དག་མིང་ཚིག་གསལ་བ་ལས།  དཔོན་པོ་ལྟ་བུའམ་རྒན་པ་ལའང་།  1.官长。2.长老。【增】1.地方官名,从前省长叫 སྡེ་པ། 2.藏文字母之一部  ﹙如པ་ཕ་བ་མ称为  སྡེ་བ་བཞི་པ﹚或某部中之一字母。3.一种魔鬼。4.军官。﹝达﹞

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  འདི་ཕྱི་དུས་བོད་ལ་གྲགས་པའི་ཐ་སྙད་ཅིག་ཡིན་ལ། དེ་ཡང་རྒྱ་གར་པ་རྣམས་ཀྱིས་རྒྱལ་པོ་ལ་དེ་བ་སྟེ་ལྷ་ཞེས་འབོད་པ་དེ་ཟུར་ཆག་ནས་ཁ་ཆེ་རྣམས་ཀྱིས་བདེ་ཝང་དུ་འབོད་པའི་ཐ་སྙད་དེ་ཐོག་མར་མངའ་རིས་ཀྱི་རྒྱལ་པོ་རྣམས་ལ་ཆོ་ལོར་སྦྱར་ཞིང་ཕྱིས་རིན་སྤུངས། སྣེའུ་གདོང།   གཙང་པ་སོགས་ལ་ཡང་སྦྱར་འདུག

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  ①ཞིང་སྡེའི་གྲོང་སྡེའི་མིང་སྟེ། རྒྱ་ཡི་སྡེ་བ།   བོད་ཀྱི་སྡེ་བ།  མི་རིགས་མང་པོ་ཡོད་པའི་སྡེ་བ་ཞེས་པ་ལྟ་བུ།  ཡུལ་ལུང་སོ་སོའི་ལས་མིའི་འགོ་བྱེད། ②གསལ་བྱེད་ཀྱི་སྡེ་ཚན། བོད་ཡིག་གསལ་བྱེད་སྡེ་པ་དང་པོ། ཀ་ཁ་ག་ང་།   གསལ་བྱེད་སུམ་ཅུ་ཐམ་པ་པོ།    སྡེ་བ་ཕྱེད་དང་བརྒྱད་གནས་པ་ཞེས་པ་ལྟ་བུ།  ③〔མངོན〕སྔར་རྒྱ་གར་གྱི་སངས་རྒྱས་པ་ཚོར་གནས་བརྟན་པ་དང་། ཐམས་ཅད་ཡོད་པར་སྨྲ་བ།  མང་པོས་བཀུར་བ། ཕལ་ཆེན་པ་སྟེ་རྩ་བའི་སྡེ་པ་ལ་བཞི་ཡོད་པས་གྲངས་བཞི་མཚོན།  ④མི་གཞན་དག་ལ་གོ

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།   名词。[1]ཡུལ་ལུང་སོ་སོའི་ལས་མིའི་འགོ་བྱེད། 酋长,部落主,第巴。古代统治一个地区的首领。[2]གསལ་བྱེད་ཀྱི་སྡེ་ཚན། 字母组;བོད་ཡིག་གསལ་བྱེད་སྡེ་པ་དང་པོ། 藏文字母第一组,指ཀ་ཁ་ག་ང四字母。[3][མངོན]སྔར་རྒྱ་གར་གྱི་སངས་རྒྱས་པ་ཚོར་གནས་བརྟན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ། མང་པོས་བཀུར་བ། ཕལ་ཆེན་པ་སྟེ་རྩ་བའི་སྡེ་པ་ལ་བཞི་ཡོད་པས་གྲངས་བཞི་མཚོན། 部。古印度佛教分上座、说一切有、正量、大众等四根本部,故表数字4。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།   མིང་ཚིག ① ལོ་རྒྱུུས།  འཕགས་པ་ཐམས་ཅད་ཡོད་པ་སྨྲ་བ་ལས་གྱེས་པ་བཞི།  འཕགས་པ་ཕལ་ཆེན་པ་ལས་གྱེས་པ་དྲུག  འཕགས་པ་མང་པོས་བཀུར་བ་ལས་གྱེས་པ་ལྔ།  འཕགས་པ་གནས་བརྟན་པ་ལས་གྱེས་པ་གསུམ། ② དགེ་འདུན་ཕལ་ཆེན་སྡེ་པ་ལས་རིམ་གྱིས་གྱེས་པ་བརྒྱད།  གནས་བརྟན་པའི་སྡེ་པ་རིམ་གྱིས་གྱེས་པ་བཅུ།  ③ གནས་བརྟན་པ་ལས་གྱེས་པ་རྣམས་དྲུག  དགེ་འདུན་ཕལ་ཆེན་པའི་སྡེ་ནི་རྣམ་པ་བརྒྱད།  རྣམ་པར་ཕྱེ་སྟེ་སྨྲ་བ་ཡང་རྣམ་པ་བཞི། 


དཔྱད་གཞིའི་ཡིག་ཆ།