སྡར་མ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2023-05-31 08:04ལ་འགྲུབ།

སྡར་མ།

སྙིང་སྟོབས་ཞན་པའི་མི།
1 ལོ་ཙཱ།

རྒྱ་ཡིག 胆小者。懦夫

དབྱིན་ཡིག coward

2 རྒྱས་འགྲེལ།

1.དག་ཡིག་གསར་བསྒྲིགས་ལས།  སྙིང་སྟོབས་ཞན་པའི་མི་སྟེ། སྡར་མ་གཡུལ་ངོར་ཞུགས་ཚེ་ཞུམ་ཞེས་པ་ལྟ་བུ།

2.བརྡ་དག་མིང་ཚིག་གསལ་བ་ལས།  འཇིགས་པའམ་སྙིང་ཁམས་ཆུང་བ།  畏惧,胆小。

3.དུང་དཀར་ཚིག་མཛོད་ཆེན་མོ་ལས།  སྙིང་ཆུང༌།

4.བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས།  སྙིང་སྟོབས་ཆུང་བའི་མི།    སྡར་མ་རྣམས་སྙིང་སྟོབས་དང་མི་ལྡན་པ།

5.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།  སྙིང་སྟོབས་ཆུང་བའི་མི། 名词。胆小者。懦夫:སྡར་མ་རྣམས་སྙིང་སྟོབས་དང་མི་ལྡན་པ། 儒夫之辈无勇气。

6.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།  རྒྱན་ཚིག  སྙིང་སྟོབས་ཞན་པ།  དཔེར་ན།  དམག་མི་སྡར་མ།  སྡར་མ་གཡུལ་ལ་མ་ཞུགས།  སྡར་མ་དགྲ་ལས་ཕམ་པ་ལྟ་བུ།  ལྡོག་ཚིག  དཔའ་བོ།  འདྲ་ཚིག  སྙིང་མེད།  དཔའ་བྲལ།      

དཔྱད་གཞིའི་ཡིག་ཆ།