གྲ་མིན་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-26 09:00ལ་འགྲུབ།

གྲ་མིན་སྡེ་བའི་ལབ་ཙེ།

གྲ་མིན་སྡེ་བ་ནི་ཀོའོ་མེའོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ4ཡི་མཚམས་སུ་ཡོད། མའོ་ཀྲེ་ཆུ་ཕྲན(卯寨小河)གྱི་ཤར་ཕྱོགས་དང་ལའོ་ཀྲོང་སྡེ་བའི(老庄村)ལྷོ་ཕྱོགས་སུ་ཆགས་ཤིང་། མཚོ་འཕགས་སྨི2018དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°28′30"དང་། ཤར་གཞུང་ཚད102°32′30"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎门拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི2018ཡོད།
1 ​ངོ་སྤྲོད།

གྲ་མིན་སྡེ་བ་ནི་ཀོའོ་མེའོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ4ཡི་མཚམས་སུ་ཡོད། མའོ་ཀྲེ་ཆུ་ཕྲན(卯寨小河)གྱི་ཤར་ཕྱོགས་དང་ལའོ་ཀྲོང་སྡེ་བའི(老庄村)ལྷོ་ཕྱོགས་སུ་ཆགས་ཤིང་། མཚོ་འཕགས་སྨི2018དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°28′30"དང་། ཤར་གཞུང་ཚད102°32′30"ཡི་སྟེང་དུ་ཡོད། ད་ལྟ་ཁྱིམ་ཚང134དང་མི་གྲངས567ལྷག་ཡོད། ཚང་མ་རྒྱ་རིགས་ཡིན་ཞིང་རུས་གཙོ་བོ་ཝང(王)ལི(李)བཅས་ནི་ཁྱིམ་རྒྱུད་ཅུང་ཆེ་བ་ཡིན་ཟེར། སྔོན་ཆད་སྡེ་བ་གོང་མ་ནི་བོད་རིགས་ཡིན་ཞིང་། འཚོ་རྟེན་གཙོ་བོ་གནག་ཕྱུགས་འཚོ་སྐྱོང་བྱེད་པ་དང་། སྡེ་བ་འདིའི་མི་རྣམས་ཀྱིས་སོ་ནམ་གྱི་ལས་ཀ་གཉེར་བས་ལོ་ཏོག་དང་འབྲུ་རིགས་མི་བཟའ་བའི་ཆེད་དུ་སྡེ་བ་གཉིས་ཀྱི་བར་དུ་གྲ་མིན་ཟེར་བའི་སྒོ་ཆེན་ཞིག་བཟོས་པས་སྡེ་བའི་མིང་ཡང་དེ་ལྟར་ཐོགས། ཆིང་རྒྱལ་རབས་སྐབས་སུ་འདིར་ཡང་ཧོས་འཁྲུག་གིས་བསྲེག་གསོད་འཕྲོག་གསུམ་བྱུང་མྱོང་ཟེར། སྡེ་བ་འདིའི་བྱང་ཕྱོགས་སུ་ལབ་ཙེ་ཞིག་འདུག ས་ཆའི་གནས་བབ་ཅུང་ཟད་བཙན་པོ་ཡིན་པས་ང་བརྒྱད་དང་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་ལབ་ཙེ་འདིར་གནོད་སྐྱོན་མ་བྱུང་ཟེར། སྐབས་རེར་ཤོག་བུ་མེར་བསྲེགས་ཏེ་སྐྱབས་ཞུ་དང་གསོལ་འདེབས་བྱེད་པའི་ཆོ་གའི་རྒྱུན་ཞིག་འདུག མཚོ་འཕགས་སྨི2025དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°29′40"དང་། ཤར་གཞུང་ཚད102°36′34"ཡི་སྟེང་དུ་ཡོད། གནའ་སྔ་མོ་ཞིག་ནས་ཡོད་པ་ཞིག་ཡིན་ཟེར་བ་ལས་དུས་དང་ཐོག་མར་བརྩིགས་མཁན་མི་ཤེས། ལབ་ཙེ་སྟོད་བྱེད་ནི་རྡོ་དང་ཤིང་ཡིན། ད་ལྟ་ངེས་གཏན་གྱི་བསྟོད་མཁན་མི་འདུག ཚེ་ཐར་གྱི་སྲོལ་ཙམ་འདུག་གོ།