ནུབ་སྡེའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 11:27ལ་འགྲུབ།

ནུབ་སྡེའི་ལབ་ཙེ།

ནུབ་སྡེ་ནི་ཀའོ་མའོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་གཞི་གཅིག་ཏུ་འདྲེས་ནས་འདུག་ཅིང་། མའོ་གྲེ(卯寨)ཆུ་བོའི་ནུབ་ཕྱོགས་སུ་ཡོད་པས་ནུབ་སྡེར་འབོད། མཚོ་འཕགས་སྨི1883དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག 36°26′39" དང་། ཤར་གཞུང་ཚད36°26′39"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
西村拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི1883ཡོད།
1 ​ངོ་སྤྲོད།

ནུབ་སྡེ་ནི་ཀའོ་མའོ་གྲོང་རྡལ་མི་དམངས་སྲིད་གཞུང་དང་གཞི་གཅིག་ཏུ་འདྲེས་ནས་འདུག་ཅིང་། མའོ་གྲེ(卯寨)ཆུ་བོའི་ནུབ་ཕྱོགས་སུ་ཡོད་པས་ནུབ་སྡེར་འབོད། མཚོ་འཕགས་སྨི1883དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག 36°26′39" དང་། ཤར་གཞུང་ཚད36°26′39"ཡི་སྟེང་དུ་ཡོད། སྡེ་བ་འདིར་རུས་རྒྱུད་གཙོ་བོ་ནི་ཝང(王)དང་ལི(李)ཡས(余)བཅས་ཡོད་ཅིང་། སྡེ་མི་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། ཧོས་རིགས་ཀྱང་ཉུང་ངུ་ཙམ་གྲོང་སྡེ་འདིར་གཞི་སྡོད་བྱས་ཡོད། གཞན་བོད་རིགས་དང་ཧོར་རིགས། སོག་རིགས་ཀྱི་བུ་མོ་གཉེན་དུ་ཡོང་བ་ཡང་འགའ་ཤས་ཡོད། མིང་རྒྱལ་རབས་ཀྱི་སྐབས་སུ། ས་གནས་འདིར་ཧོས་འཁྲུག་བྱུང་སྟེ་མི་རྣམས་ལ་ཡ་ང་བའི་དྲག་གནོན་དང་དམར་གསོད་བྱས་མྱོང་སྐད། སྔོན་ཆད་མཱ་པུའུ་ཧྥང་གི་དམག་སྡེ་ཞིག་གནས་འདིར་འོང་ནས་དམག་སྒར་བརྒྱབ་ནས་ཟས་ཀྱི་གཡས་སྦྱོར་ལ་རྩོམ་སྐབས་དམག་དཔོན་ཞིག་གིས་ཕར་ཕྱོགས་ཀྱི་ནན་ཏ་རི་བོའི་ངོས་སུ་བལྟས་པ་ན། མི་དམངས་བཅིངས་འགྲོལ་དམག་མི་ཁྲི་སྟོང་མང་པོས་དྲག་ཆས་སྤྲས་ཏེ་ཁོ་ཚོའི་སར་བསྐྱོད་འོངས་བཞིན་པ་དང་འདར་བའི་ཚོར་སྣང་བྱུང་བས། སེམས་ལ་སྐྲག་སྣང་སྐྱེས་ཏེ་དཔའ་ཞུམ་ནས་ཟས་ཀྱང་མ་ཟོས་པར་རྟབ་རྟབ་པོར་བྲོས་བྱོལ་བརྒྱབ་པའི་གནས་ཚུལ་སྡེ་མི་ཀུན་ལ་བཤད་རྒྱུན་ཞིག་འདུག སྡེ་བ་འདིའི་རྒྱབ་ཕྱོགས་སུ་རི་བོ་ཆུང་ཆུང་འགའ་ཡོད་མོད། རི་བོ་དེ་དག་གི་མིང་དང་དེ་འབྲེལ་གྱི་ངག་རྒྱུན་དང་གནའ་གཏམ་སོགས་གཅིག་ཀྱང་བཤད་སྲོལ་མ་རྙེད། ལབ་ཙེ་ནི་སྡེ་བའི་ནུབ་ཕྱོགས་ཀྱི་ལན་ཀོན་ཐེ་རི་བོའི་སྟེང་དུ་ཡོད། སྡེ་བ་དང་བར་ཐག་སྤྱི་ལེ2ཙམ་འདུག མཚོ་འཕགས་སྨི1980དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°27′28"དང་། ཤར་གཞུང་ཚད102°32′10"ཡི་སྟེང་དུ་ཡོད། ལབ་ཙེ་འདི་དུས་ནམ་ཞིག་ལ་མི་སྡེ་ག་འདྲ་ཞིག་གིས་བརྩིགས་པའི་གནས་ཚུལ་བཤད་རྒྱུ་མེད་ལ་མིང་ཡང་མེད་དེ་གཅིག་གྱུར་གྱི་འབོད་ལུགས་ལྟར་ཨོ་པོ་ཟེར། ད་ལྟ་ཚེ་ཐར་གྱི་སྲོལ་ཙམ་འདུག


བརྡ་འགྲེལ་གདོང་འཛར།

ནུབ་སྡེ། ཀའོ་མའོ་གྲོང་རྡལ། ལབ་ཙེ།