ཐེན་ཕོའུ་ཀྱཱ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-26 09:00ལ་འགྲུབ།

ཐེན་ཕོའུ་ཀྱཱ་སྡེ་བའི་ལབ་ཙེ།

ཐེན་ཕོའུ་ཀྱཱ་སྡེ་བ་ནི་ཀའོ་མའོ་གྲོང་རྡལ(高庙镇)མི་དམངས་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7སོང་བའི་ཧྲུས་མའོ་ལུང་བའི(水磨沟)ནང་དུ་ཡོད། བྱང་ཕྱོགས་སུ་ཧྲུས་མའོ་གྲོང(水磨庄)སྡེ་བ་དང་ལྷོ་ཕྱོགས་སུ་ཕོའུ་ཀྱཱ་ཏོན(浦家墩)སྡེ་བ་དང་འབྲེལ་ཡོད། མཚོ་འཕགས་སྨི1881དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′13"དང་། ཤར་གཞུང་ཚད102°35′41"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
田浦家拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི1881ཡོད།
1 ​ངོ་སྤྲོད།

ཐེན་ཕོའུ་ཀྱཱ་སྡེ་བ་ནི་ཀའོ་མའོ་གྲོང་རྡལ(高庙镇)མི་དམངས་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7སོང་བའི་ཧྲུས་མའོ་ལུང་བའི(水磨沟)ནང་དུ་ཡོད། བྱང་ཕྱོགས་སུ་ཧྲུས་མའོ་གྲོང(水磨庄)སྡེ་བ་དང་ལྷོ་ཕྱོགས་སུ་ཕོའུ་ཀྱཱ་ཏོན(浦家墩)སྡེ་བ་དང་འབྲེལ་ཡོད། མཚོ་འཕགས་སྨི1881དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′13"དང་། ཤར་གཞུང་ཚད102°35′41"ཡི་སྟེང་དུ་ཡོད། ཐེན་ཕོའུ་ཀྱཱ་སྡེ་བ་ཟེར་དོན་ནི་གྲོང་ཚོ་འདིར་གཙོ་བོ་རུས་རྒྱུད་ཐེན(田)ཅན་དང་ཕོའུ(浦)ཅན་གཉིས་ཀྱི་ཁྱིམ་རྒྱུད་ཆེན་པོ་གཉིས་གནས་འདིར་མཉམ་དུ་གཞི་ཆགས་པས་སྡེ་བའི་མིང་དེ་ལྟར་བཏགས། ད་ལྟ་ཁྱིམ་ཚང136དང་མི་གྲངས515ལྷག་མཆིས། གཙོ་བོ་རྒྱ་རིགས་ཡིན་ཞིང་ཧོར་རིགས་ཀྱང་ཁྱིམ་ཚང་འགའ་ཡོད། རུས་རྒྱུད་གཙོ་བོ་ཐེན(田)དང་ཕོའུ(浦) ལི(李)གསུམ་ནི་ཁྱིམ་རྒྱུད་ཆེ་བའི་རུས་རྒྱུད་ཡིན་ཞིང་། སྡེ་བ་འདིའི་རུས་ལི(李)ཅན་དང(柳湾)སྡེ་བའི་རུས་ལི་ཅན་ཚང་མ་སྔོན་ཆད་ཁྱིམ་རྒྱུད་གཅིག་གི་རུས་རྒྱུད་དང་རྗེས་རབས་པ་ཡིན། སྔོན་ཆད་གནས་འདིར་འཚོ་སྡོད་བྱེད་པ་ནི་ཆཱང་རིགས་ཡིན་ཟེར་ལ་ཕལ་ཆེར་བོད་རིགས་ཡིན་པར་འཁུམས། འོན་ཀྱང་ས་དེའི་སྡེ་མི་རྣམས་ཀྱིས་དུས་ཀུན་མཆོད་འབུལ་བྱེད་པའི་གཞི་བདག་གཙོ་བོ་གང་ཡིན་པ་ཤེས་མཁན་མ་བྱུང་། ལབ་ཙེ་ཞིག་གྲོང་སྡེའི་ཤར་ཕྱོགས་སྤྱི་ལེ1ལྷག་གི་མཚམས་སུ་ཡོད། མཚོ་འཕགས་སྨི1890དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′23"དང་། ཤར་གཞུང་ཚད102°35′44"ཡི་སྟེང་དུ་ཡོད། ནམ་བསྟད་པ་མི་ཤེས་མོད་ད་ལྟ་སྡེ་བ་འདིས་བསྟོད་པ་ཡིན་ལ་བསྟོད་དུས་སྲོག་ཆགས་ཚེ་ཐར་ལ་གཏོང་བའི་སྲོལ་ཡོད་ཟེར། ལབ་ཙེ་སྟོད་བྱེད་ནི་རྡོ་དང་ཤིང་ཡིན། ད་ལྟ་ངེས་གཏན་གྱི་བསྟོད་མཁན་མེད་ཟེར་རོ༎