ཟི་མོ་གྲོང་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:41ལ་འགྲུབ།

ཟི་མོ་གྲོང་སྡེ་བའི་ལབ་ཙེ།

སྡེ་བ་འདི་ནི་ཀོའོ་མོ་གྲོང་རྡལ(高庙镇)ནས་ཤར་ཕྱོགས་སུ་སྤྱི་ལེ8ཙམ་སོང་རང་འཐག་ལུང་བ (水磨沟)སྟེ་ཧྲས་མོ་ལུང་པའི་ནང་དུ་ཡོད། མཚོ་འཕགས་སྨི1824དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′32"དང་། ཤར་གཞུང་ཚད102°34′42"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
寺磨庄拉则
རིགས་དབྱེ།
ལབ་ཙེ།
1 ​ངོ་སྤྲོད།

སྡེ་བ་འདི་ནི་ཀོའོ་མོ་གྲོང་རྡལ(高庙镇)ནས་ཤར་ཕྱོགས་སུ་སྤྱི་ལེ8ཙམ་སོང་རང་འཐག་ལུང་བ (水磨沟)སྟེ་ཧྲས་མོ་ལུང་པའི་ནང་དུ་ཡོད། མཚོ་འཕགས་སྨི1824དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′32"དང་། ཤར་གཞུང་ཚད102°34′42"ཡི་སྟེང་དུ་ཡོད། སྡེ་མིང་འདི་ཐོགས་དོན་ནི་ས་འདིར་བརྡར་བཟོས་རྡོ་གཅལ་མང་བ་དང་ས་འདིར་དགོན་པ་ཞིག་ཡོད་པའི་ཆ་ནས་མིང་ལ་ཡང་ཟི་མོ་གྲོང་སྡེ་བ་ཞེས་ཐོགས། ད་ལྟ་ཁྱོན་སྡོམ་ཁྱིམ་གྲངས182དང་། མི་གྲངས699ཡོད། གཙོ་བོ་རྒྱ་རིགས་ཡིན་པ་དང་། དེ་མིན་ཧོར་རིགས་ཀྱང་ཡོད། རུས་རྒྱུད་གཙོ་བོ་ལ་མཱ། ཞོའུ། ལི། ཡེ། བང(马、徐、李、余、王)བཅས་ཡོད། ས་འདི་ནས་སྔོན་ཆད་ཧོས་འཁྲུག་དུས་ཟིང་བྱུང་མྱོང་ཟེར། དེ་མིན་རུས(李)ཅན་ནི་མི་ཉག་རིགས་ཀྱི་རྒྱུད་པ་ཡིན་ཟེར། སྡེ་བའི་ནུབ་ཕྱོགས་ཀྱི་རི་ཆུང་ཆུང་དེའི་སྟེང་དུ་ལབ་ཙེ་ཞིག་དང་ལུང་སྐམ(干沟)ནང་དུ་ལབ་ཙེ་ཞིག་ཡོད། མིང་ལ་ཨོ་པོ་ཟེར། ནུབ་ཕྱོགས་ཀྱི་རི་ཆུང་དེའི་སྟེང་གི་ལབ་ཙེ་དེ་ནི། མཚོ་འཕགས་སྨི1865དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°25′35" དང་། ཤར་གཞུང་ཚད102°36′32"ཡི་སྟེང་དུ་ཡོད། ལུང་སྐམ(干沟)ནང་གི་ལབ་ཙེ་དེར་མཚོ་འཕགས་སྨི1842དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°26′37"དང་། ཤར་གཞུང་ཚད102°36′52"ཡི་སྟེང་དུ་ཡོད། དེ་གཉིས་དུས་ནམ་ཞིག་ལ་བསྟད་པ་མི་ཤེས་མོད་སྔོན་ཆད་ཅིག་ནས་ཡོད་ལ་བོད་ལུགས་ཀྱི་ལབ་ཙེ་ཞིག་ཡིན་པར་སྙམ། དེ་གཉིས་རྒྱུ་གཙོ་བོ་ནི་རྡོ་དང་ཤིང་། ད་ལྟ་ངེས་གཏན་གྱི་བསྟོད་མཁན་མི་འདུག བྱ་ཕོ་སོགས་ཚེ་ཐར་ལ་གཏོང་བའི་སྲོལ་ཙམ་འདུག་གོ།


བརྡ་འགྲེལ་གདོང་འཛར།

སྡེ་བ། ཀོའོ་མོ་གྲོང་རྡལ། ལབ་ཙེ།