ལི་ཀྱཱ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:48ལ་འགྲུབ།

ལི་ཀྱཱ་སྡེ་བའི་ལབ་ཙེ།

ལི་ཀྱཱ་སྡེ་བ་ནི་ཀོའོ་མོའོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ6ལྷག་སོང་མཚམས་ཀྱི་མཚོ་འཕགས་སྨི1939དང་། བྱང་འཕྲེད36°28′4" ཤར་གྱི་གཞུང་ཚད102°27′52"གྱི་སར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
李家拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི1939ཡོད།
1 ​ངོ་སྤྲོད།

ལི་ཀྱཱ་སྡེ་བ་ནི་ཀོའོ་མོའོ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ6ལྷག་སོང་མཚམས་ཀྱི་མཚོ་འཕགས་སྨི1939དང་། བྱང་འཕྲེད36°28′4" ཤར་གྱི་གཞུང་ཚད102°27′52"གྱི་སར་ཡོད། སྡེ་མིང་ཐོགས་དོན་ནི་སྔོན་ཆད་ས་འདིར་རུས་ལི་ཅན་གྱི་ཁྱིམ་རྒྱུད་འཚོ་སྡོད་བྱས་པས་ཆ་ནས་རུས་མིང་སྡེ་བ་རུ་ཐོགས། ད་ལྟ་ཁྱོན་སྡོམ་ཁྱིམ་ཚང230ཡོད་པ་དང་། མིགྲངས750ཡོད། གཙོ་རྒྱ་རིགས་ཡིན་པ་དང་། དེ་མིན་ཧོས་རིགས་དང། སོག་པོ་དང་བོད་རིགས་བུད་མེད་གནས་ལ་ཡོང་པ་འགའ་རེ་ཡང་ཡོད། མི་མང་ཤོས་སྔོན་ཆད་ནན་ཅིན་ནས་གནས་སྤར་ཏེ་ཡོང་བ་ཡིན་ཟེར། ས་འདི་ནས་སྔོན་ཆད་ཧོས་འཁྲུག་དུས་ཟིང་བྱུང་མྱོང་ཟེར། སྡེ་བའི་ཤར་ཕྱོགས་སུ་ལབ་ཙེ་ཞིག་ཡོད་པ་དེ་ནི་ལོ་རེའི་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྡེ་མི་རྣམས་ཀྱིས་དེ་ལ་མཆོད་འབུལ་བྱེད་དང་མཚམས་རེར་སྒེར་གྱིས་ཕྱུགས་ཟོག་ཚེ་ཐར་དུ་གཏོང་བའང་ཡོད་ཟེར།