ཏོན་ཕོའུ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:48ལ་འགྲུབ།

ཏོན་ཕོའུ་སྡེ་བའི་ལབ་ཙེ།

ཏོན་ཕོའུ་སྡེ་བ་འདི་ནི་ཀའོ་མའོ་གྲོང་རྡལ་ནས་ནུབ་ཏུ་སྤྱི་ལེ་གསུམ་སོང་བའི་ཙོང་ཆུའི་འགྲམ་དུ་ཡོད། བྱང་ཕྱོགས་སུ་མེ་འཁོར་ལྕགས་ལམ་ཤར་ནུབ་ཏུ་འཐེན་ཡོད། མཚོ་འཕགས་སྨི1873དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག 36°27′25"དང་། ཤར་གཞུང་ཚད102°30′12"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
段堡拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི1873ཡོད།
1 ​ངོ་སྤྲོད།

ཏོན་ཕོའུ་སྡེ་བ་འདི་ནི་ཀའོ་མའོ་གྲོང་རྡལ་ནས་ནུབ་ཏུ་སྤྱི་ལེ་གསུམ་སོང་བའི་ཙོང་ཆུའི་འགྲམ་དུ་ཡོད། བྱང་ཕྱོགས་སུ་མེ་འཁོར་ལྕགས་ལམ་ཤར་ནུབ་ཏུ་འཐེན་ཡོད། མཚོ་འཕགས་སྨི1873དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°27′25"དང་། ཤར་གཞུང་ཚད102°30′12"ཡི་སྟེང་དུ་ཡོད། སྔོན་ཆད་གནས་འདིར་རུས་ཏོན(段)ཅན་གྱི་དམག་སྒར(堡)ཞིག་ཡོད་ལ་རྗེས་སུ་དམག་སྒར་འདི་གཞིར་བྱས་ཏེ་གྲོང་སྡེ་ཆགས་པ་ཞིག་ཡིན་པས་ཏོན་ཕོའུ་སྡེ་བ་ཞེས་བཏགས་པ་ཞིག་ཡིན་ཟེར་སྲོལ་བྱུང་། ད་ལྟའང་རུས་རྒྱུད་གཙོ་བོ་ཏོན་ཅན་ཡིན་ཞིང་དེས་སྡེ་བའི19%ཟིན་ཡོད། ཁྱིམ་ཚང225དང་མི་གྲངས88ལྷག་མཆིས། ཆིང་རྒྱལ་རབས་སྐབས་སུ་ཧོས་འཁྲུག་གིས་དགོན་པ་དང་ལྟ་རྟེན་རྣམས་བཅོམ་ཟིན་ཟེར་བའི་ལོ་རྒྱུས་ངག་རྒྱུན་ཙམ་འདུག གྲོང་སྡེའི་ཤར་ཕྱོགས་ཀྱི་ཧན་ཐེ(旱台) རི་བོའི་རི་རྐེད་དུ་ལབ་ཙེ་ཞིག་ཡོད། མཚོ་འཕགས་སྨི1974དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག36°27′44"དང་། ཤར་གཞུང་ཚད102°30′28"ཡི་སྟེང་དུ་ཡོད། གནའ་སྔ་མོ་ཞིག་ནས་ཡོད་པ་ཞིག་ཡིན་ཟེར་བ་ལས་དུས་དང་ཐོག་མར་བསྟོད་མཁན་མི་ཤེས་ལ། ལབ་ཙེ་སྟོད་བྱེད་ནི་རྡོ་དང་ཤིང་ཡིན། ད་ལྟ་ངེས་གཏན་གྱི་བསྟོད་མཁན་མེད་མོད་ཚེ་ཐར་གྱི་སྲོལ་ཙམ་འདུག་གོ།