པའོ་ཀྱཱ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:47ལ་འགྲུབ།

པའོ་ཀྱཱ་སྡེ་བའི་ལབ་ཙེ།

པའོ་ཀྱཱ་སྡེ་བའི་ལབ་ཙེ་ནི་ཀོའོ་མོའེ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ9ཙམ་བསྐྱོད་ན་པའོ་ཀྱཱ་སྡེ་བར་ཐོན་ཐུབ་ལ། ལུང་མདོ་ཁུལ་ནས་ཤར་ཕྱོགས་སུ་སྤྱི་ལེ6ལྷག་གི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保家拉则
རིགས་དབྱེ།
ལབ་ཙེ།
1 ​ངོ་སྤྲོད།

པའོ་ཀྱཱ་སྡེ་བའི་ལབ་ཙེ་ནི་ཀོའོ་མོའེ་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ9ཙམ་བསྐྱོད་ན་པའོ་ཀྱཱ་སྡེ་བར་ཐོན་ཐུབ་ལ། ལུང་མདོ་ཁུལ་ནས་ཤར་ཕྱོགས་སུ་སྤྱི་ལེ6ལྷག་གི་མཚམས་སུ་ཡོད། མདོ་ལ་རི་མདོའི་རི་ལག་པེ་ལིན་རི་བོའི་ལྷོ་འདབས་དང་ཙོང་ཆུ་སྔོན་མོའི་བྱང་ཕྱོགས་སུ་ཆགས་ཡོད། མཚོ་འཕགས་སྨི2009དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག30°29′9""དང་། ཤར་གཞུང་ཚད102°28′20"ཡི་སྟེང་དུ་ཡོད། གྲོང་སྡེ་འདིའི་སྔ་རབས་ཀྱི་མེས་པོ་མིང་ལ་མགོན་པོ་ཚེ་བརྟན་བྱ་བ་ཞིག་གི་མི་རྒྱུད་འཕེལ་བ་ལ་བརྟེན་ནས་ས་འདིར་གཞིས་ཆགས་པ་ཡིན་ལ། དེང་སྐབས་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འདུ་ཤེས་ཀྱི་འཕོ་འགྱུར་གྱི་དབང་གིས་རྒྱ་རིགས་སུ་འགྱུར་ཡོད། རྒན་པོ་རྣམས་ཀྱིས་བཤད་ན། སྔོན་ཆད་ཁོ་ཚོས་བོད་ལུགས་ཀྱི་ཐགས་འཐག་པ་དང་ཉེར་སྤྱོད་ཀྱི་ཅ་ལག་བཟོ་ཤེས་ཟེར། པའོ་ཀྱཱ་སྡེ་བར་པོ་ཐཱ་དགོན་པ(保塔寺)དང་ལབ་ཙེ་ལ་སོགས་པའི་རིག་གནས་ཤུལ་བཞག་འགའ་རེ་སྣང་། འོན་ཀྱང་ས་དེའི་སྡེ་མི་རྣམས་ཀྱིས་དུས་རྒྱུན་མཆོད་འབུལ་བྱེད་པའི་གཞི་བདག་གཙོ་བོ་གང་ཡིན་པ་མི་ཤེས་ལ་དེ་བཞིན་དེ་དང་འབྲེལ་བའི་ངག་རྒྱུན་སོགས་ཀྱང་མ་རྙེད། སྡེ་བའི་བྱང་ཕྱོགས་ཀྱི་དཔལ་གཡང(白羊)ཞེས་པའི་རི་བོ་ཆུང་ཆུང་ཞིག་གི་འདབས་སུ་ལབ་ཙེ་ཞིག་ཡོད་ལ་དེའི་མིང་ལ་ཅི་ཟེར་བའང་མི་ཤེས་ཟེར། མཚོ་འཕགས་སྨི2030དང་། ལབ་ཙེ་དེའི་རྒྱུ་ཆ་གཙོ་བོ་ནི་རྡོ་དང་ཤིང་། དམུ་ཐག་ལས་གྲུབ་འདུག ད་ལྟ་ངེས་གཏན་གྱི་བསྟོད་མཁན་མི་འདུག་མོད་ཚེ་ཐར་གྱི་སྲོལ་ཙམ་གདའ།