པེའེ་ནེ་ཙི་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:46ལ་འགྲུབ།

པེའེ་ནེ་ཙི་སྡེ་བའི་ལབ་ཙེ།

ལབ་ཙེ་འདི་ནི་ཀོའོ་མེའེ་གྲོང་རྡལ(高庙镇)མི་དམངས་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7ཙམ་བསྐྱོད་པའི་སར་གནས་པའི་པེའེ་ནེ་ཙི་སྡེ་བ་ན་ཡོད། སྡེ་བ་འདི་མཚོ་འཕགས་སྨི1833དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག 36°26′30"དང་། ཤར་གཞུང་ཚད102°36′42"ཡི་སྟེང་དུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白崖子拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི1833ཡོད།
1 ​ངོ་སྤྲོད།

ལབ་ཙེ་འདི་ནི་ཀོའོ་མེའེ་གྲོང་རྡལ(高庙镇)མི་དམངས་སྲིད་གཞུང་ནས་ཤར་ཕྱོགས་སུ་སྤྱི་ལེ7ཙམ་བསྐྱོད་པའི་སར་གནས་པའི་པེའེ་ནེ་ཙི་སྡེ་བ་ན་ཡོད། སྡེ་བ་འདི་མཚོ་འཕགས་སྨི1833དང་། སའི་གོ་ལའི་བྱང་གི་འཕྲེད་ཐིག 36°26′30"དང་། ཤར་གཞུང་ཚད102°36′42"ཡི་སྟེང་དུ་ཡོད། སྡེ་བའི་མི་གྲངས་ལས་མང་ཆེ་བ་རྒྱ་རིགས་ཡིན་པ་དང་། སོག་པོ་དང་ཧོས་རིགས་ཀྱང་ཡོད། ད་ལྟ་ཁྱིམ་ཚང495དང་མི་གྲངས2010ལྷག་འདུག རུས་རྒྱུད་གཙོ་བོ་ཝང(王) ཀྲང(张) ལི(李)བཅས་ནི་རྒྱ་རིགས་དང་། རུས་རྒྱུད་འ(阿)ཅན་གྱི་ཁྱིམ་རྒྱུད་ནི་སོག་རིགས་ཡིན་ཞིང་། རུས་ཧན(韩)དང་རུས་མཱ(马)ཅན་གྱི་ཁྱིམ་རྒྱུད་གཉིས་ནི་ཧོས་རིགས་ཀྱི་རུས་ཡིན་ནོ། སྔོན་ཆད་སྡེ་བ་འདི་མེ་དུད་སྟེགས་བུ(烽火台)ཞིག་གི་གཤམ་འོག་ཏུ་གནས་པས་ཏོང་ཙི་ཞ(东地下)ཞེས་ཟེར་ཞིང་། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སྡེ་བའི་མིང་པེའེ་ནེ་ཙི་སྡེ་བ་ཞེས་པར་བསྒྱུར། སྡེ་བ་འདིའི་སོག་རིགས་ཀྱི་མེས་པོ་རྣམས་ནི་ཉིན་ཞཱ(宁夏)ནས་ཡོང་བ་དང་། རྒྱ་རིགས་རྣམས་ནི་ཧྲན་ཞི(陕西)ན་སྡོད་པའི་ཚོ་བ་ཆུང་ཆུང་ཞིག་ཇིང་གིར་རྒྱལ་པོའི་མངའ་ཁོངས་ལས་ཕྱིར་བུད་དེ་གནས་འདིར་གཞིས་ཆགས་པར་བཤད། པེའེ་ནེ་ཙི་སྡེ་བར(白崖子村)པེ་ཧྭ་དགོན་པ(白花寺)དང་མཁའ་འགྲོ་མའི་ལྷ་ཁང (圣母寺)ཞེས་པའི་ལྷ་ཁང་སོགས་རིག་གནས་ཤུལ་བཞག་མང་དུ་སྣང་། འོན་ཀྱང་ས་དེའི་སྡེ་མི་རྣམས་ཀྱིས་དུས་ཀུན་མཆོད་འབུལ་བྱེད་པའི་གཞི་བདག་གཙོ་བོ་གང་ཡིན་པ་ཤེས་མཁན་མ་བྱུང་། དེ་བཞིན་ནགས་ཚལ་དང་ལམ། མཚོའུ། ཉག་ག སྨན་ཆུ་སོགས་གཅིག་མི་འདུག་པའི་ཕྱིར་ན། དེ་དག་དང་འབྲེལ་བའི་གནས་བསྟོད་སོགས་ཀྱང་མ་རྙེད། པེའེ་ནེ་ཙི་སྡེ་བའི་བྱང་ཕྱོགས་ཀྱི་དེའི་འབུར་ཞིག་གི་སྟེང་དུ་ལབ་ཙེ་ཞིག་ཡོད། མཚོ་འཕགས་སྨི1985ཡོད། གནའ་སྔ་མོ་ཞིག་ནས་ཡོད་པ་ཞིག་ཡིན་ཟེར་བ་ལས་དུས་དང་ཐོག་མར་བཞེངས་མཁན་མི་ཤེས་ལ། དེ་བཞིན་དེ་དང་འབྲེལ་བའི་ངག་རྒྱུན་སོགས་ཀྱང་མ་རྙེད། ལབ་ཙེ་སྟོད་བྱེད་ནི་རྡོ་དང་ཤིང་། ད་ལྟ་ངེས་གཏན་གྱི་བསྟོད་མཁན་ལྷ་སྡེ་གཅིག་ཀྱང་མི་འདུག  མཆོད་འབུལ་ལའང་དུས་ཚོད་ངེས་གཏན་མེད་ཅིང་། ད་ལྟ་གྲོང་སྡེ་འདིས་བསྟོད་ཀྱིན་མེད་པས་འཇིག་ལ་ཉེ། བྱ་ཕོ་སོགས་སྲོག་ཆགས་ཚེ་ཐར་ལ་གཏོང་བའི་སྲོལ་ཙམ་འདུག་གོ།


བརྡ་འགྲེལ་གདོང་འཛར།

ལབ་ཙེ། ཀོའོ་མེའེ་གྲོང་རྡལ། སྡེ་བ།