ཨ་མྱེས་ཐང་ལྷའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 11:26ལ་འགྲུབ།

ཨ་མྱེས་ཐང་ལྷའི་ལབ་ཙེ།

ཐང་ལྷའི་ལབ་ཙེ་ནི་མཱ་ཡང་ཡུལ་ཚོའི་སྦྲ་རོག་མོ་ལུང་བ་ན་ཡོད་པའི་པེ་ཕན་སྡེ་བའི་ལབ་ཙེ་ཡིན། ལབ་ཙེ་འདི་སྡེ་བའི་གཡས་རིའི་རྩེ་ན་ཡོད་ཅིང་། ལྗོན་ཤིང་གིས་བསྟད་པའི་མཐར་དར་དམར་པོ་ལེབ་ཆེན་གྱིས་དཀྲིས་ནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白坪拉则
རིགས་དབྱེ།
ལབ་ཙེ།
1 ​ངོ་སྤྲོད།

ཐང་ལྷའི་ལབ་ཙེ་ནི་མཱ་ཡང་ཡུལ་ཚོའི་སྦྲ་རོག་མོ་ལུང་བ་ན་ཡོད་པའི་པེ་ཕན་སྡེ་བའི་ལབ་ཙེ་ཡིན། ལབ་ཙེ་འདི་སྡེ་བའི་གཡས་རིའི་རྩེ་ན་ཡོད་ཅིང་། ལྗོན་ཤིང་གིས་བསྟད་པའི་མཐར་དར་དམར་པོ་ལེབ་ཆེན་གྱིས་དཀྲིས་ནས་ཡོད། སྡེ་མི་དག་ལ་ཆ་རྒྱུས་ཆེན་པོ་མེད་མོད་ལོ་རེའི་དྲུག་པའི་ཚེས་དྲུག་ཉིན་ཐུན་མོང་གིས་བསྟོད། གཞན་ཡང་ནད་པ་དང་གོད་ཁ་སོགས་བྱུང་ན་སྐབས་བསྟུན་གྱིས་བསྟོད། རིག་གསར་སྐབས་མེར་བསྲེགས་མོད་རྗེས་སུ་ཡང་བསྐྱར་བཞེངས་པ་ཡིན་འདུག སྡེ་བ་ཆགས་སའི་སྦྲ་རོག་མོ་ལུང་བ་འདིར་སྔོན་སྦྲ་ནག་ཕུབ་པའི་བོད་མི་མང་པོ་ཡོད་ཟེར། དེ་བས་ས་འདི་ལ་སྦྲ་རོག་མོའམ་སྦྲ་ནག་མོ་ཟེར་གྱིན་ཡོད། སྡེ་འདིའི་གཞི་བདག་ནི་ཨ་མྱེས་ཐང་ལྷ་ཡིན་ཞིང་། ཨ་མྱེས་ཐང་ལྷའི་སྐོར་གྱི་ལོ་རྒྱུས་ཤེས་མཁན་གྱི་མི་སྣ་ནི་མེད། ལོ་རེའི་དབྱར་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་ཁོ་ཚོས་ལབ་ཙེ་བསྟོད་ཅིང་རྟ་རྒྱུགས་བྱེད་པའི་སྲོལ་གནའ་ནས་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད། ས་མཱ་ཡང་ཕྱོགས་ཀྱི་གཏམ་དཔེ་ལ། ལུང་རིང་དུང་དཀར་གཡས་འཁྱིལ་ན༎ མཱ་ཁྱེའུ་བཀྲ་ཤིས་དབྱངས་སྙན་པ༎ དེ་ཚེ་ཐང་དཀར་ཕྱོགས་དེ་ན༎ ཨ་མགོན་སྨྲ་བའི་ལྕེ་ཐོག་ཡོད༎ ཅེས་པ་ལྟར་སྔོན་ཆད་འདིར་མཱ་ཁྱེའུ་ཨ་མགོན་གྱི་སྟོབས་ཤུགས་ཤིན་ཏུ་ཆེ་བ་སོགས་རྟོགས་ཐུབ་སྟེ། ཀོའུ་ཁྲུན་ཏེ་མཁར་རྙིང་སྡེ་བ་རུ་ཡོད་པའི་མཆོད་རྟེན་དེ་ནི་མཱ་ཁྱེའུ་ཨ་མགོན་གྱི་མགོ་གནོན་བྱེད་དུ་མཱ་ཡང་དགོན་པས་བཞེངས་པ་ཡིན་ཚུལ་སོགས་ངག་རྒྱུན་ལས་ཤེས་ཐུབ་བོ༎