དགེ་བསྙེན་བྲག་དཀར་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-25 08:42ལ་འགྲུབ།

དགེ་བསྙེན་བྲག་དཀར་ལབ་ཙེ།

དགེ་བསྙེན་བྲག་དཀར་ལབ་ཙེ་འདི་ལ་ལབ་ཙེ་ཆེ་ཆུང་གཉིས་ཡོད། ལབ་ཙེ་འདི་གཉིས་བསྟོད་མཁན་ནི་ལི་ཀྱཱ་ཡུལ་ཚོའི་སྡེ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石佛山拉则
རིགས་དབྱེ།
ལབ་ཙེ།
1 ངོ་སྤྲོད།

དགེ་བསྙེན་བྲག་དཀར་ལབ་ཙེ་འདི་ལ་ལབ་ཙེ་ཆེ་ཆུང་གཉིས་ཡོད། ལབ་ཙེ་འདི་གཉིས་བསྟོད་མཁན་ནི་ལི་ཀྱཱ་ཡུལ་ཚོའི་སྡེ་བ་ཡིན། ལབ་ཙེ་ཆེ་བ་ནི་དགེ་བསྙེན་སྨན་ཆུའི་ལུང་བའི་ཕུ་ན་ཡོད་ཅིང་ལོ་རེའི་ཟླ་གཉིས་པའི་ཚེས་གཉིས་ལ་བསྟོད། ལབ་ཙེ་ཆུང་བ་ལུང་བའི་མདོ་ན་ཡོད་ཅིང་བསྟོད་པའི་དུས་ངེས་མེད་ཡིན། རི་རྩེ་ན་ད་དུང་དགེ་བསྙེན་བྲག་དཀར་གྱི་ལབ་ཙེ་གཞན་ཞིག་ཡོད་ལ་དེ་ནི་ཨ་ནན་ཚོ་བས་བསྟོད། དེ་ནི་སྐྱ་བསྟོད་བྱེད་པ་སྟེ། མདའ་མདུང་སོགས་ཀྱིས་མི་བསྟོད་པར་ཤིང་སྟག་པའི་ཡལ་གས་བསྟོད།


བརྡ་འགྲེལ་གདོང་འཛར།

ལི་ཀྱཱ་ཡུལ་ཚོ། ཨ་ནན་ཚོ་བ། ལབ་ཙེ།