སུམ་མདོ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 16:30ལ་འགྲུབ།

སུམ་མདོ་སྡེ་བའི་ལབ་ཙེ།

སུམ་མདོ་སྡེ་བ་ནི་ཧྲོའུ་ལི་ཡུལ་ཚོའི་ཁོངས་ཀྱི་གཡང་ཆུང་ལུང་བའི་མདོ་རུ་ཡོད་ཅིང་། སྡེ་བའི་ནུབ་བྱང་གི་རི་འདབས་སུ་ལབ་ཙེ་བསྟད་ཡོད། རྒྱ་ཁྱོན་ལ་ཁངབ་གྱན་གཅིག་ཡས་མས་ཀྱི་ཚད་ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土官口拉则
རིགས་དབྱེ།
ལབ་ཙེ།

1 ངོ་སྤྲོད།

སུམ་མདོ་སྡེ་བ་ནི་ཧྲོའུ་ལི་ཡུལ་ཚོའི་ཁོངས་ཀྱི་གཡང་ཆུང་ལུང་བའི་མདོ་རུ་ཡོད་ཅིང་། སྡེ་བའི་ནུབ་བྱང་གི་རི་འདབས་སུ་ལབ་ཙེ་བསྟད་ཡོད། རྒྱ་ཁྱོན་ལ་ཁངབ་གྱན་གཅིག་ཡས་མས་ཀྱི་ཚད་ཙམ་ཡོད། ཚེས་གཅིག་དང་བཅོ་ལྔ་ལ་སྡེ་མི་ཚོས་ལག་ཏུ་ཤོག་སེར་དང་སྤོས་ཁྱེར་ཡོང་ནས་མཆོད་འབུལ་བྱེད་པའི་སྲོལ་འདུག ལབ་ཙེ་འདི་མདའ་བསྟོད་བྱས་ཡོད་དེ་སྦྱར་སྡོང་གི་ཡལ་གས་བསྟད་རྗེས་དར་ཡུག་དམར་པོས་མཉམ་དུ་བསྡམས་འདུག སྡེ་བ་འདི་ནི་གཡང་ཆེན་ལུང་བ་དང་གཡང་ཆུང་ལུང་པའི་འདྲེས་མདོ་ན་ཡོད་ཅིང་། སྔར་གནས་འདི་རུ་སྡོད་མཁན་ནི་བོད་རིགས་རྐྱང་རྐྱང་ཡིན། ད་ལྟ་སྡེ་བ་འདི་ལ་དུད་ཚང298དང་མི་གྲངས1115ཡོད་ལ། རྒྱ་བོད་སོག་གསུམ་འདུས་སྡོད་བྱས་ཡོད་ཅིང་། རུསགཙོ་བོ་ནི་ལི་དང་ཝང་སོགས་ཡིན། སྔར་མ་ཀྱཱ་ཝན་སྡེ་བ་དང་འདི་གཉིས་གཅིག་ཡིན་ལ། སྤྱི་ལོ1978ལོ་ནས་གྲོང་སྡེ་གཉིས་སུ་དགར།