ར་ཁོ་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 16:26ལ་འགྲུབ།

ར་ཁོ་སྡེ་བའི་ལབ་ཙེ།

ར་ཁོ་སྡེ་བའི་ལབ་ཙེ་འདི་ནི་ཀུང་ཧོ་ཡུལ་ཚོའི་ར་ཁོ་སྡེ་བ་ན་ཡོད། ར་ཁོའི་དོན་ནི་ཆོས་དཔེ་ཁུར་ནས་རི་བོ་བསྐོར་པའི་དོན་ཡིན་ཟེར་བ་དང་། རྒན་པ་ཚོས་སྡེ་བ་འདིར་ཕལ་ཆེར་ལོ་ངོ1500ཡི་ལོ་རྒྱུས་ཡོད་ཚུལ་བཤད། ཡང་སྐུ་འབུམ་དགོན་པའི་ཨ་ལགས་ར་ཁོའམ་བླ་བྲང་དགོན་པའི་ཨ་ལགས་བླ་ཁོ་སོགས་ཀྱི་མཚན་ནས་ཐོན་པ་ཡིན་ནམ་ཡང་ཟེར། དུད་ཁྱིམ73དང་མི་གྲངས296ལྷག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉科拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
ཀུང་ཧོ་ཡུལ་ཚོའི་ར་ཁོ་སྡེ་བ་ན་ཡོད།
1 ངོ་སྤྲོད།

ར་ཁོ་སྡེ་བའི་ལབ་ཙེ་འདི་ནི་ཀུང་ཧོ་ཡུལ་ཚོའི་ར་ཁོ་སྡེ་བ་ན་ཡོད། ར་ཁོའི་དོན་ནི་ཆོས་དཔེ་ཁུར་ནས་རི་བོ་བསྐོར་པའི་དོན་ཡིན་ཟེར་བ་དང་། རྒན་པ་ཚོས་སྡེ་བ་འདིར་ཕལ་ཆེར་ལོ་ངོ1500ཡི་ལོ་རྒྱུས་ཡོད་ཚུལ་བཤད། ཡང་སྐུ་འབུམ་དགོན་པའི་ཨ་ལགས་ར་ཁོའམ་བླ་བྲང་དགོན་པའི་ཨ་ལགས་བླ་ཁོ་སོགས་ཀྱི་མཚན་ནས་ཐོན་པ་ཡིན་ནམ་ཡང་ཟེར། དུད་ཁྱིམ73དང་མི་གྲངས296ལྷག་ཡོད། བོད་རིགས་གཙོ་བོ་ཡིན་ལ་རྒྱ་རིགས་དང་སོག་རིགས་ཉུང་ཤས་ཙམ་ཡོད། སྡེ་བ་འདི་ནི་སྔོན་ཁྱུང་ཚ(静觉寺 春酒寺 )དགོན་གྱི་སྦྱིན་བདག་གཙོ་བོ་ཡིན། སྤྱི་ལོ1964ལོར་ས་རྐོ་སྐབས་སྡེ་བ་འདི་ནས(旋马)ཟེར་བ་ཞིག་གི་གནས་ཤུལ་ཡང་རྙེད། སྡེ་བའི་ཤར་ཕྱོགས་ཀྱི་ལུང་མདོ་རུ་ལབ་ཙེ་ཡོད་ལ། ལོ་རེའི་ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་མི་རིགས་མི་འདྲ་བའི་སྡེ་མི་སྐྱེས་པ་ཚང་མ་སོང་ནས་ལབ་ཙེའི་སྟེང་མདའ་བསྟོད་པ་དང་། མཆོད་འབུལ་བྱེད་པ། ཆོས་འདོན་པ། བསང་འཕུད་པ་སོགས་བྱེད། ཚེས་གཅིག་དང་བཅོ་ལྔ་ལ་ཁྱིམ་ཚང་རེ་རེས་མདའ་འཛུགས། མདའ་འཛུགས་སྐབས་མདའི་སྟེང་དུ་ཁ་བཏགས་དཀར་པོ་དང་སེར་པོ་བཅིངས་པ་ལས་ཁ་བཏགས་དམར་པོ་དང་སྔོན་པོ་བཅིངས་མི་རུང་། འབྲུ་རིགས་སྣ་ལྔས་བསང་འཕུད། ཤ་རིགས་ལ་འཛེམ། ཚང་མ་སྐྱ་བསྟོད་ཡིན།


བརྡ་འགྲེལ་གདོང་འཛར།

ཀུང་ཧོ་ཡུལ་ཚོ། ར་ཁོ་སྡེ་བ། ལབ་ཙེ།