པེ་ཡ་ཙི་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 16:25ལ་འགྲུབ།

པེ་ཡ་ཙི་སྡེ་བའི་ལབ་ཙེ།

པེ་ཡ་ཙི་སྡེ་བ་ནི་ལུང་མདོ་ཁུལ་རྟ་རྭ་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་དུད་ཁྱིམ57ཡོད་པ་དང་མི་གྲངས218ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
白崖子拉则
རིགས་དབྱེ།
ལབ་ཙེ།
མཚོ་འཕགས།
སྨི2600ཡོད།
1 ངོ་སྤྲོད།

པེ་ཡ་ཙི་སྡེ་བ་ནི་ལུང་མདོ་ཁུལ་རྟ་རྭ་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་དུད་ཁྱིམ57ཡོད་པ་དང་མི་གྲངས218ཡོད། མཚོ་འཕགས་སྨི2600ཡོད་ལ་འདིར་འདུས་སྡོད་བྱས་པའི་མི་མང་ཆེ་བ་ཧོར་རིགས་ཡིན་པ་དང་། རྒྱ་རིགས་ཉུང་ཤས་ཤིག་ཀྱང་ཡོད། སྡེ་བའི་འཐུང་ཆུའི་འབྱུང་ཁུངས་ནི་ཨ་མྱེས་གུར་རི་གསེང་དེ་རེད། སྡེ་བ་འདིའི་འཚོ་རྟེན་གཙོ་བོ་ནི་ཞིང་ལས་ཡིན་པ་དང་། དེའི་ཞོར་དུ་ཕག་དང་བྱ། ལུག་བཅས་གསོས་ནས་འཚོ་བར་ཁ་སྣོན་བྱེད། སྡེ་བའི་ལབ་ཙེ་ནི་སྡེ་བའི་ཤར་ཕྱོགས་ཀྱི་ལོའུ་ལན་རི་བོའི(刘兰山)སྟེང་དུ་ཡོད་ལ། དེ་ནི་མདའ་ཤིང་བཙུགས་ནས་དེའི་སྟེང་དུ་ཁ་བཏགས་དང་རྨུ་ཐག་གིས་བསྟད་འདུག ལོ་རེའི་ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན་སྡེ་མི་ཡོངས་ཀྱིས་ཆང་དང་རྩམ་པ། འབྲུ་རིགས་སྣ་ལྔ་སོགས་ཁུར་ནས་མཆོད་འབུལ་དང་གསོལ་འདེབས་བྱེད་དུ་འགྲོ་བ་རེད། དེ་ལྟར་བྱས་ན་ཁོ་ཚོའི་ཁ་ལས་རླུང་རྟ་དར་ཤིང་ན་ཚ་ཟློག་པ་དང་། རྒྱུ་ནོར་ལོངས་སྤྱོད་ལྡན་པར་ཕན་ཟེར།