ཏ་གྲོང་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 11:09ལ་འགྲུབ།

ཏ་གྲོང་སྡེ་བའི་ལབ་ཙེ།

འདི་རྟ་རྭ་ཡུལ་ཚོའི་ཏ་གྲོང་སྡེ་བ་ན་ཡོད་ཅིང་། སྡེ་བ་དེ་ནི་ཧོར་རིགས་རྐྱང་རྐྱང་ཡིན་པ་དང་། མཚོ་འཕགས་སྨི2700ཡིན། སྡེ་བའི་ནུབ་ཕྱོགས་སུ་རི་བོ་གོ་པ་ཡོད་ལ། ཤར་ཕྱོགས་སུ་ཧན་ཐེ་འགག་ཅེས་པའི་རི་འགག་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
大庄拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
རྟ་རྭ་ཡུལ་ཚོའི་ཏ་གྲོང་སྡེ་བ་ན་ཡོད།
མཚོ་འཕགས།
སྨི2700ཡོད།
1 ​ངོ་སྤྲོད།

འདི་རྟ་རྭ་ཡུལ་ཚོའི་ཏ་གྲོང་སྡེ་བ་ན་ཡོད་ཅིང་། སྡེ་བ་དེ་ནི་ཧོར་རིགས་རྐྱང་རྐྱང་ཡིན་པ་དང་། མཚོ་འཕགས་སྨི2700ཡིན། སྡེ་བའི་ནུབ་ཕྱོགས་སུ་རི་བོ་གོ་པ་ཡོད་ལ། ཤར་ཕྱོགས་སུ་ཧན་ཐེ་འགག་ཅེས་པའི་རི་འགག་ཡོད། དེ་མིན་རྟ་ཙི་བལ་ནས་བཞུར་ཡོང་པའི་ཆུ་ཕྲན་དེ་སྡེ་བ་ཡོངས་ཀྱིས་སྤྱོད་ཀྱིན་འདུག སྡེ་བའི་ནང་དུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་འདུག དེའི་ནང་གི་རྟེན་གཙོ་བོ་ནི་རྗེ་ཙོང་ཁ་པ་དང་རི་ལྷ། ཐོག་ལྷ་བཅས་ཡིན། ལོ་རེའི་ཟླ་དྲུག་པའི་ཚེས་བཅོ་ལྔར་སྡེ་མི་ཚང་མ་ལྷ་ཁང་དུ་སོང་ནས་མཆོད་འབུལ་དང་གསོལ་འདེབས་བྱེད། སྡེ་བའི་ནུབ་ཕྱོངས་སུ་ལབ་ཙེ་ཞིག་ཡོད་པ་དང་ལབ་ཙེ་དེ་ནི་སྔོན་དུས་ནས་ཡོད་པར་བཤད་ལ། དེར་རྗེས་སུ་བསྐྱར་གསོ་དང་ཇེ་ཆེར་བཏང་མྱོང་མེད་ཟེར། ལབ་ཙེ་དེ་ཐོག་མར་སུས་བསྟད་པ་དང་ལབ་ཙེ་བསྟོད་དུས་རྫས་གང་འདྲ་བཞག་ཡོད་པའི་ཐད་ལ་ཁོ་ཚོར་གསལ་ཆ་མི་འདུག་མོད། ལོ་རེར་གནས་དེར་སོང་ནས་མདའ་ཤིང་འགའ་འཛུགས་པ་དང་དེའི་སྟེང་ལ་ཁ་བཏགས་ཤིག་འདོགས་པའི་སྲོལ་འདི་ད་ལྟའང་ཡོད། དེ་མིན་ལབ་ཙེ་བསྟོད་དུས་མ་ཎི་འདོན་པ་དང་ནོར་ལུག་དང་བྱ་སོགས་ལབ་ཙེ་ཡོད་སའི་གནས་དེར་ཁྲིད་ནས་ཚེ་ཐར་གཏོང་།