མ་ཎི་ཀན་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 11:09ལ་འགྲུབ།

མ་ཎི་ཀན་ལབ་ཙེ།

རྟ་རྭ་ཡུལ་ཚོའི་ཉིན་ཀོ་སྡེ་བའི(宁过村)བྱང་རྒྱུད་དུ་རི་བོ་དར་ལྕོག་ཟེར་བ་ཞིག་ཡོད་པ་དེར་དར་ལྕོག་ཅིག་བཙུགས་ཡོད་པས་དེ་ལྟར་དུ་བཏགས་ཟེར་ལ། རིའི་སྟེང་དུ་ལབ་ཙེ་ཡོད་པ་དང་། ཉིན་ཀོ་ལྷ་ཁང་ཟེར་བའི་ལྷ་ཁང་ཞིག་ཀྱང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
玛尼干拉则
རིགས་དབྱེ།
ལབ་ཙེ།
1 ངོ་སྤྲོད།

རྟ་རྭ་ཡུལ་ཚོའི་ཉིན་ཀོ་སྡེ་བའི(宁过村)བྱང་རྒྱུད་དུ་རི་བོ་དར་ལྕོག་ཟེར་བ་ཞིག་ཡོད་པ་དེར་དར་ལྕོག་ཅིག་བཙུགས་ཡོད་པས་དེ་ལྟར་དུ་བཏགས་ཟེར་ལ། རིའི་སྟེང་དུ་ལབ་ཙེ་ཡོད་པ་དང་། ཉིན་ཀོ་ལྷ་ཁང་ཟེར་བའི་ལྷ་ཁང་ཞིག་ཀྱང་ཡོད། སྡེ་བ་འདི་ནི་བོད་ཧོར་གཉིས་ཀྱིས་གྲུབ་པ་ཡིན་མོད། རྒྱ་སྐད་མ་གཏོགས་བཤད་མི་ཤེས། ལྷ་ཁང་གི་རྟེན་གཙོ་བོ་དཔལ་ལྡན་ལྷ་མོ་དྲེལ་ཞོན་མ་དང་དམ་ཅན་རྡོར་ལེགས་གཉིས་ཡིན་། སྡེ་མི་རྣམས་ལོ་གསར་ཚེས་གཅིག་ཉིན་ལྷ་ཁང་དུ་སོང་ནས་ལོ་གསར་བའི་ནང་དུ་མི་ལ་ན་ཚ་མེད་ཅིང་རྒྱུ་འབྱོར་བའི་ལོངས་སྤྱོད་ལྡན་པའི་བཀྲ་ཤིས་སྨོན་ལམ་འདེབས་པ་ལས་ནམ་རྒྱུན་སྒོ་འབྱེད་ཀྱིན་མེད། རྒྱུ་མཚན་ནི་ལྷ་ཁང་ནང་གི་གཞི་བདག་དེ་མི་གཞན་གྱིས་མཐོང་ཚེ་སྡེ་བ་འདིར་གནོད་འཚེ་འབྱུང་བའི་བཤད་སྲོལ་ཡོད། དེའི་བྱང་ཤར་དུ་རི་བོ་ཇ་མཆོད་དང་ནུབ་ཕྱོགས་སུ་གླང་རི་བཅས་ཡོད། ལབ་ཙེ་འདི་ནི་སྡེ་བའི་བྱང་ཤར་ཕྱོགས་ཀྱི་ཨ་མྱེས་དགེ་བསྙེན་ཞེས་པའི་གཞི་བདག་དེའི་ལབ་ཙེ་ཡིན།