རྭ་ལོ་ཙཱ་བའི་སྒྲུབ་ཕུགསྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-25 08:14ལ་འགྲུབ།

རྭ་ལོ་ཙཱ་བའི་སྒྲུབ་ཕུག

ཆུ་བཟང་ཐང་གྲོང་རྡལ་གྱི་བྱང་ཤར་གཉིས་ཀྱི་མཚམས་སུ་གནས་པའི་གསེར་འགག་ལུང་པ་ལས། ཤར་ལུང་དུ་རྐང་ཐང་དུ་ཆུ་ཚོད་གཉིས་ཙམ་ལ་ཕྱིན་རྗེས། རྭ་ལོ་ཙཱ་བས་སྒྲུབ་པ་ཉམས་ལེན་མཛད་པར་གྲགས་པའི་སྒྲུབ་ཕུག་དེ་མཇལ་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
热洛扎巴修行洞
གནས་ཡུལ།
ཆུ་བཟང་ཐང་གྲོང་རྡལ་གྱི་བྱང་ཤར་གཉིས་ཀྱི་མཚམས་སུ་གནས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

ཆུ་བཟང་ཐང་གྲོང་རྡལ་གྱི་བྱང་ཤར་གཉིས་ཀྱི་མཚམས་སུ་གནས་པའི་གསེར་འགག་ལུང་པ་ལས། ཤར་ལུང་དུ་རྐང་ཐང་དུ་ཆུ་ཚོད་གཉིས་ཙམ་ལ་ཕྱིན་རྗེས། རྭ་ལོ་ཙཱ་བས་སྒྲུབ་པ་ཉམས་ལེན་མཛད་པར་གྲགས་པའི་སྒྲུབ་ཕུག་དེ་མཇལ་ཐུབ། སྒྲུབ་ཕུག་འདི་གནས་པའི་རི་བོ་ཚ་ཚ་དང་མཆོད་རྟེན་གྱི་དབྱིབས་སུ་འདུག་ཅིང་། དེའི་མདུན་གྱི་རི་དེ་རྒྱ་ནག་ཧྭ་ཤང་སྟེ། རྒྱལ་བ་བྱམས་པ་དཀྱིལ་ཀྲུང་དུ་བཞུགས་པའི་ཚུལ་དང་གཉིས་སུ་མེད། བར་ནི་ཆུ་བཟང་རིན་པོ་ཆེའི་གསོལ་ཆུ་རུ་འབོད་པའི་གསོལ་ཆུ་ལུང་པ་ཡིན། ངག་རྒྱུན་ལ་རྭ་ལོ་ཙཱ་བ་བོད་དུ་གར་སོང་ཆ་མེད་དུ་གྱུར་བ་ནི་གསེར་འགག་ལུང་པའི་སྒྲུབ་ཕུག་འདི་ལ་ཕེབས་ནས་མཚམས་ལ་བཞུགས་པར་བཤད། དེ་བས་གསེར་འོག་ལུང་པའི་འདབས་རོལ་གྱི་ཐང་ཆེན་འདི་ལའང་རྭ་ལོ་ཐང་ཞེས་གྲགས་པར་བཤད།