སུམ་པ་མཁན་ཆེན་གྱི་ནང་ཆེན་གནའ་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:50ལ་འགྲུབ།

སུམ་པ་མཁན་ཆེན་གྱི་ནང་ཆེན་གནའ་ཤུལ།

ཝ་ལུ་ལུང་པ་ཡུལ་ཚོའི་མོ་ཧུ་པུ་སྡེ་བའི་སུམ་པ་ཞེས་པའི་རང་བྱུང་སྡེ་བ་ནི་ཧུའུ་ཀྲུའུ་རྫོང་དཔའ་རིས་ལོ་རྒྱུས་སུ་གལ་ཆེ་བའི་ས་མིང་ཞིག་ཡིན་པར་མ་ཟད། མདོ་སྨད་ཀྱི་ཆོས་ལུགས་ལོ་རྒྱུས་སུའང་གྲགས་ཆེ་བའི་ས་མིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
松巴大师故居
གནས་ཡུལ།
ཝ་ལུ་ལུང་པ་ཡུལ་ཚོའི་མོ་ཧུ་པུ་སྡེ་བའི་སུམ་པ་ཞེས་པའི་རང་བྱུང་སྡེ་བར་གནས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ​ངོ་སྤྲོད་མདོར་བསྡུས། 

ཝ་ལུ་ལུང་པ་ཡུལ་ཚོའི་མོ་ཧུ་པུ་སྡེ་བའི་སུམ་པ་ཞེས་པའི་རང་བྱུང་སྡེ་བ་ནི་ཧུའུ་ཀྲུའུ་རྫོང་དཔའ་རིས་ལོ་རྒྱུས་སུ་གལ་ཆེ་བའི་ས་མིང་ཞིག་ཡིན་པར་མ་ཟད། མདོ་སྨད་ཀྱི་ཆོས་ལུགས་ལོ་རྒྱུས་སུའང་གྲགས་ཆེ་བའི་ས་མིང་ཞིག་ཡིན། ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་ལོ་རྒྱུས་སོགས་སུ་སུམ་པ་མཁན་ཆེན་ཞེས་འབོད་ཅིང་། མཚན་དངོས་ལ་སུམ་པ་དམ་ཆོས་རྒྱ་མཚོ་ཞེས་པའི་སྐྱེས་ཆེན་དམ་པ་དེ་ཉིད་ནི་མོ་ཧུ་པུ་སྡེ་བའི་སུམ་པ་ཞེས་པའི་ས་ཆ་འདིར་སྐུ་འཁྲུངས། སུམ་པ་དམ་ཆོས་རྒྱ་མཚོ་ནི་དགོན་ལུང་དགོན་པའི་ཁྲི་རབས་གཉིས་པ་ཡིན་ལ། ཁོང་གིས་རྒྱལ་སྲས་རིན་པོ་ཆེ་བོད་ནས་བྱོན་པ་དང་མཇལ་ཏེ། དགོན་ལུང་བྱམས་པ་གླིང་ཕྱག་འདེབས་པའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས། སློབ་མའི་ཚོགས་ལ་འཇམ་པ་ཆོས་རྒྱ་མཚོ་དང་། ལྕང་སྐྱ་གྲགས་པ་འོད་ཟེར། སུམ་པ་དམ་ཆོས་རྒྱལ་མཚན། འདན་པ་ཚུལ་ཁྲིམས་རྒྱ་མཚོ། ལུའུ་ཀྱ་གྲུབ་ཆེན་དགེ་འདུན་དར་རྒྱས་སོགས་མཁས་གྲུབ་མང་དུ་ཐོན་ཡོད། ད་སྐབས་སུམ་པ་སྡེ་བར་སུམ་པ་དམ་ཆོས་རྒྱ་མཚོ་ཚང་གི་ནང་ཆེན་གྱི་མཁར་ཤུལ་ཞིག་གསལ་བོར་མཇལ་རྒྱུ་ཡོད། མཁར་ཤུལ་དེ་ནི་སྐྱེགས་རིམ་པ་གཉིས་ཀྱིས་གྲུབ་ཅིང་། ས་གནས་ཀྱི་རྒན་གྲས་ཚོས་བཤད་ན། སྐྱེགས་གོང་མ་ནི་ཁོང་གི་གཟིམ་ཤག་དང་མཆོད་གནས། གསོལ་ཁང་སོགས་ཡིན་པ་དང་། སྐྱེགས་འོག་མ་ནི་གཡོག་འཁོར་གྱི་སྡོད་ཤག་སོགས་ཡིན་པར་བཤད།