ཐུའུ་བཀྭན་བློ་བཟང་རབ་བརྟན་གྱི་འཁྲུངས་གཞིས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:49ལ་འགྲུབ།

ཐུའུ་བཀྭན་བློ་བཟང་རབ་བརྟན་གྱི་འཁྲུངས་གཞིས།

ཆིང་རྒྱལ་རབས་ཅིན་སྡོད་བླ་ཆེན་བརྒྱད་ཀྱི་ཡ་གྱལ། དགོན་ལུང་བྱམས་པ་གླིང་གི་བླ་ཆེན་ལྔའི་གྲས་ཀྱི་ཐུའུ་བཀུན་སྐུ་ཕྲེང་དང་པོ་བློ་བཟང་རབ་བརྟན་མཆོག་ནི་དབུས་ཤུལ་གྲོང་རྡལ་གྱི་ཐུའུ་བཀྭན་སྡེ་བར་སྐུ་འཁྲུངས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一世土观活佛故居
གནས་ཡུལ།
དབུས་ཤུལ་གྲོང་རྡལ་གྱི་ཐུའུ་བཀྭན་སྡེ་བར་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

ཆིང་རྒྱལ་རབས་ཅིན་སྡོད་བླ་ཆེན་བརྒྱད་ཀྱི་ཡ་གྱལ། དགོན་ལུང་བྱམས་པ་གླིང་གི་བླ་ཆེན་ལྔའི་གྲས་ཀྱི་ཐུའུ་བཀུན་སྐུ་ཕྲེང་དང་པོ་བློ་བཟང་རབ་བརྟན་མཆོག་ནི་དབུས་ཤུལ་གྲོང་རྡལ་གྱི་ཐུའུ་བཀྭན་སྡེ་བར་སྐུ་འཁྲུངས། ད་ལྟའང་ཁོང་གི་ཕྱག་ཡུལ་གྱི་ཁང་རྙིང་ཡང་མ་ཉམས་པར་ཡོད། ཁང་རྙིང་དེ་ཤིང་ཁང་གིས་བཞེངས་པའི་ཁང་མིག་གྱན་ལྔ་ཙམ་ཡོད་ལ། ང་བརྒྱད་སྐབས་རུ་ཁག་གི་འབྲུ་མཛོད་བྱས་པས་འཇིགས་པ་ཆེར་བྱུང་མེད། གཏམ་དཔེ་ལ། སྔ་མ་སྐྱེས་དྲགས་ན། རྗེས་མ་འཆི་མི་ནུས་ཞེས་པའི་དཔེ་ལྟར། སྡེ་བའི་རྒན་གྲས་ཚོས་ཐུའུ་བཀྭན་བློ་བཟང་རབ་བརྟན་མཆོག་གི་འཕྲིན་ལས་རྒྱ་ཆེར་དར་བས། ཁོང་གི་ཁྱིམ་རྒྱུད་ནི་རྩ་བ་ནས་རྒྱུད་ཆད་པར་བཤད། ད་ལྟ་དཀོར་གཉེར་ཞིག་གིས་བདག་དམ་བྱེད་ཀྱིན་ཡོད་ལ། ཁང་རྙིང་བྱང་ཕྱོགས་སུ་ཤིང་ཁང་ཞིག་གསར་དུ་བཞེངས་ཡོད་པ་ནི་ཐུའུ་བཀྭན་ཚང་གི་གཟིམ་ཤག་ཡིན། ལོ་རེར་ཐུའུ་བཀྭན་སྐུ་སྐྱེས་འདིར་གདན་དྲངས་ནས་དེར་བཞུགས་སྲོལ་ཡོད་ཟེར།