ཐུའུ་བཀྭན་ནང་སོའི་གནའ་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:49ལ་འགྲུབ།

ཐུའུ་བཀྭན་ནང་སོའི་གནའ་ཤུལ།

ཐུའུ་བཀྭན་ནང་སོའི་གནའ་ཤུལ་ནི་ཐུའུ་བཀྭན་སྡེ་བ་ནི་དབུས་ཤུལ་གྲོང་རྡལ་ནུབ་ཕྱོགས་ཀྱི་ལེ་བར1གི་མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
土观囊故居
གནས་ཡུལ།
དབུས་ཤུལ་གྲོང་རྡལ་ནུབ་ཕྱོགས་ཀྱི་ལེ་བར1གི་མཚམས་སུ་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

ཐུའུ་བཀྭན་སྡེ་བ་ནི་དབུས་ཤུལ་གྲོང་རྡལ་ནུབ་ཕྱོགས་ཀྱི་ལེ་བར1གི་མཚམས་སུ་ཆགས་ཡོད་ཅིང་། དེར་ཆིང་རྒྱལ་རབས་སྐབས་བསྐྲུན་པར་གྲགས་པའི་མཁར་རྙིང་གི་རྗེས་ཤུལ་གཉིས་ཡོད་ལ། དེ་ལས་ཐུའུ་བཀྭན་ཞོལ་མ་མཁར་ཤུལ་དེ་ནི་སྡེ་མི་རྣམས་ཀྱིས་ཐུའུ་བཀྭན་ནང་སོའི་རྗེས་ཤུལ་ཡིན་པར་བཤད། ཞིག་རལ་དུ་གྱུར་པའི་མཁར་དེའི་ཤར་གྱི་རིང་ཚད་ལ་སྨི33དང་། ནུབ་ལ་སྨི5དང་། ལྷོ་ལ་སྨི27དང་། བྱང་ལ་སྨི49ཡོད། མཁར་ནང་དུ་ད་ལྟའང་ལེའུ་འཆི་མེད་དང་ཀྲང་ཚེ་རིང་སོགས་ཀྱི་དུད་ཁྱིམ་བཞི་གཞིས་ཆགས་ཡོད།