ལྕང་སྐྱ་བློ་བཟང་བསྟན་པའི་སྒྲོན་མེའི་འཁྲུངས་གཞིས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:48ལ་འགྲུབ།

ལྕང་སྐྱ་བློ་བཟང་བསྟན་པའི་སྒྲོན་མེའི་འཁྲུངས་གཞིས།

ལྕང་སྐྱ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེའི་འཁྲུངས་གཞིས་ནི་ཆུ་བཟང་རྭ་ལོ་ཐང་གྲོང་རྡལ་གྱི་ཧོར་གྲོང་སྡེ་བར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
七十章嘉故居
གནས་ཡུལ།
ཆུ་བཟང་རྭ་ལོ་ཐང་གྲོང་རྡལ་གྱི་ཧོར་གྲོང་སྡེ་བར་གནས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

ལྕང་སྐྱ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེའི་འཁྲུངས་གཞིས་ནི་ཆུ་བཟང་རྭ་ལོ་ཐང་གྲོང་རྡལ་གྱི་ཧོར་གྲོང་སྡེ་བ་ཡིན། ལོ་རྒྱུས་ཡིག་ཚང་ལྟར་ན། ལྕང་སྐྱ་སྐུ་ཕྲེང་བདུན་པ་མཆོག་ནི་སྤྱི་ལོ1891ལོར་ཧོར་གྲོང་སྡེ་བའི་ཧོར་ཚང་ཚོ་བར་སྐུ་འཁྲུངས། ཕྱིས་ཁོང་སྐུ་འཁྲུངས་པའི་གནས་སུ་ཤིང་ཁང་ཆེན་པོ་ཞིག་བསྐྲུན་ཡོད། རིག་གསར་སྐབས་ཀྱང་མ་འཇིག་པས་ད་ལྟའང་མཇལ་ཐུབ། ད་ལྟ་དེ་ནི་རྫོང་རིམ་པའི་རིག་གནས་སྲུང་སྐྱོབ་སྡེ་ཁག་ཏུ་བདམས་ཡོད། ཧོར་གྲོང་སྡེ་བར་ལྕང་སྐྱ་སྐུ་ཕྲེང་བདུན་པ་ལས་གཞན། ཆུ་བཟང་བློ་བཟང་བསྟན་པའི་དབང་ཕྱུག་དང་སོག་ཡུལ་གྱི་བླ་མ་བུམ་ཆུ་ཚང་བཅས་པའི་སྐྱེས་བུ་དམ་པ་གཉིས་ཀྱང་སྐུ་འཁྲུངས་མྱོང་།