ཨ་མྱེས་རྫ་རྒན་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 08:38ལ་འགྲུབ།

ཨ་མྱེས་རྫ་རྒན་ལབ་ཙེ།

ཨ་མྱེས་རྫ་རྒན་ལབ་ཙེ་ནི་ཕུ་ཐེ་ཡུལ་ཚོའི་ཞིན་ཀྲོང་ཝན (新庄湾村) སྡེ་བ་ན་ཡོད། སྔོན་ཆད་ཏ་མའེ་ལུང་བ(大麦沟)དང་ཤ་པན་ལུང་བ(下半沟) ཞིན་ཀྲོང་ཝན(新庄湾)གསུམ་ནི་སྡེ་བ་གཅིག་ཡིན་ལ་སྤྱི་མིང་ལ་དབྱང་ཕོ(阳坡)སྡེ་བ་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
啊尼杂甘拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
ཕུ་ཐེ་ཡུལ་ཚོའི་ཞིན་ཀྲོང་ཝན་སྡེ་བ་ན་ཡོད།
1 ​ངོ་སྤྲོད།

ཨ་མྱེས་རྫ་རྒན་ལབ་ཙེ་ནི་ཕུ་ཐེ་ཡུལ་ཚོའི་ཞིན་ཀྲོང་ཝན (新庄湾村) སྡེ་བ་ན་ཡོད། སྔོན་ཆད་ཏ་མའེ་ལུང་བ(大麦沟)དང་ཤ་པན་ལུང་བ(下半沟) ཞིན་ཀྲོང་ཝན(新庄湾)གསུམ་ནི་སྡེ་བ་གཅིག་ཡིན་ལ་སྤྱི་མིང་ལ་དབྱང་ཕོ(阳坡)སྡེ་བ་ཟེར། དབྱང་ཕོ་ཞེས་འདོགས་དོན་ནི་ཉིན་ངོས་ཀྱི་རི་བོ་ཞེས་པའི་དོན་ཡིན། སྤྱི་ལོ1987ལོར་སྡེ་བ་གསུམ་དུ་བགོས་ནས་རང་རྐྱ་ཐུབ་པའི་སྡེ་བ་རེ་རེར་གྱུར། སྡེ་འདི་ལ་དུད་ཁྱིམ72ཡོད་ལ་མི་གྲངས265ཡོད། དེའི་ཁྲོད་ན་བོད་ཁྱིམ36དང་མི་གྲངས148ཡོད། སྡེ་འདིའི་མཚོ་འཕགས་སྨི2700ཡོད། སྡེ་བ་འདིའི་ལྷོ་ཕྱོགས་ན་ནན་ཏ་ཧྲན(南大山)ཡང་ན་ཏ་ཞུའེ་ཧྲན(大雪山)(བོད་སྐད་དུ་ཨ་རྫ་རྒན་ཞེས་འབོད་པ)དེ་ཡོད། སྡེ་བ་འདིའི་རྒྱ་མི་རྣམས་ཀྱི་ཡོང་ཁུངས་ནི་ནན་ཅིན་ནས་རུས་ཀྲང་ཚང(张)འདིར་ཡོད་ནས་སྡེ་བ་ཞིག་ཏུ་ཆགས་པས་ཞིན་ཀྲང་ཝན(新庄湾)ཞེས་ཐོགས་ཟེར། སྡེ་འདིའི་བྱང་ཕྱོགས་ལ་སྨན་ཐང་རི་རྒྱུད་ཡོད་ལ། དེར་རྩྭ་སྨན་གྱི་རིགས་མང་བར་བཤད། སྡེ་འདིའི་ལབ་ཙེ་གནས་ཡུལ་ནི་ཨ་མྱེས་རྫ་རྒན་གྱི་རི་སྐེད་ལ་ཡོད། གཞི་བདག་གི་མིང་ལ་ཨ་མྱེས་རྫ་རྒན་ཟེར། རྒྱ་བོད་གཉིས་ཀྱིས་མཆོད་པར་བཤད། ལབ་ཙེ་འདིར་སྔར་མདའ་མདུང་གྲི་གསུམ་གྱིས་མཆོད་ལ་ད་ལྟའང་མདའ་མཐོང་རྒྱུ་ཡོད་པར་བཤད། རི་འདིའི་མཚོ་འཕགས་སྨི3800ཡོད་ལ། བྱ་ཤ་དང་ར་ཤ་སོགས་ཀྱིས་དམར་མཆོད་ཀྱང་བྱེད་ཟེར། ལབ་ཙེ་མཆོད་པའི་དུས་ནི་ཕལ་ཆེར་ཟླ5བའི་ཚེས་གཅིག་གཉིས་ཡིན་ལ། ལབ་ཙེ་འདི་ཐོག་མར་བརྩིགས་མཁན་ནི་གྲྭ་པ་ཞིག་ཡིན་པར་བཤད་ལ་ཀྲང་ཅ་ཧོ་ཧྲང་ངམ་ཀྲང་ཅ་བླ་མ(张家和尚 张家喇嘛)ཞེས་འབོད་ཀྱི་ཡོད། ལབ་ཙེ་འདི་ནི་བྱིས་པའི་ལབ་ཙེ་ཞིག་ཡིན་ལ། བྱིས་པར་སྲུང་སྐྱོབ་དང་དྲག་ཆར་འགོག་པར་ཕན་ཟེར།