ཇོ་ཐོན་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 08:37ལ་འགྲུབ།

ཇོ་ཐོན་ལབ་ཙེ།

ལབ་ཙེ་འདི་གྲོང་པ་ཡུལ་ཚོའམ་སྟག་སྤྱང་ལུང་བ་ན་ཡོད་དེ། དེང་གི་ཇོ་ཐོན་སྡེ་བའི་མར་ཁ་ར་ན་ཡོད་པའི་ཇོ་ཐོན་དགོན་པའི་མདུན་རིའི་སྟེང་ན་ཡོད་ཅིང་། དགོན་པ་འདིར་ཇོ་ཐོན་ཟེར་དོན་ཡང་སྔར་ལྷ་སའི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་རིན་པོ་ཆེ་རྒྱ་ནག་ནས་དབུས་ལ་གདན་འདྲེན་ཞུ་སྐབས་གནས་འདི་བརྒྱུད་ནས་ཞག་གཅིག་བཞུགས་པས་ཇོ་བོ་ཐོན་པའི་གནས་ཡིན་ཞེས་ཇོ་ཐོན་དུ་བཏགས་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
交头拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
གྲོང་པ་ཡུལ་ཚོའམ་སྟག་སྤྱང་ལུང་བ་ན་ཡོད།
1 ངོ་སྤྲོད།

ལབ་ཙེ་འདི་གྲོང་པ་ཡུལ་ཚོའམ་སྟག་སྤྱང་ལུང་བ་ན་ཡོད་དེ། དེང་གི་ཇོ་ཐོན་སྡེ་བའི་མར་ཁ་ར་ན་ཡོད་པའི་ཇོ་ཐོན་དགོན་པའི་མདུན་རིའི་སྟེང་ན་ཡོད་ཅིང་། དགོན་པ་འདིར་ཇོ་ཐོན་ཟེར་དོན་ཡང་སྔར་ལྷ་སའི་གཙུག་ལག་ཁང་ན་བཞུགས་པའི་ཇོ་བོ་རིན་པོ་ཆེ་རྒྱ་ནག་ནས་དབུས་ལ་གདན་འདྲེན་ཞུ་སྐབས་གནས་འདི་བརྒྱུད་ནས་ཞག་གཅིག་བཞུགས་པས་ཇོ་བོ་ཐོན་པའི་གནས་ཡིན་ཞེས་ཇོ་ཐོན་དུ་བཏགས་པར་བཤད། ལབ་ཙེ་ནི་མདའ་ཤིང་གིས་བསྟད་འདུག་ལ་ས་འདིའི་གནས་བདག་གི་ལབ་ཙེ་ཡིན་ཟེར་བ་ཙམ་ལས་གཞི་བདག་གང་ཡིན་ཆ་མ་འཚལ།