ཤེན་ཀྱཱ་གྲོང་སྡེ་བའི་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 08:39ལ་འགྲུབ།

ཤེན་ཀྱཱ་གྲོང་སྡེ་བའི་ལབ་ཙེ།

ལབ་ཙེ་འདི་ནི་ཆེན་ནེ་ལུང་བའི་ལུང་མདོ(青崖沟的沟岔)ན་ཡོད། ལབ་ཙེ་དེ་ནི་ལྷ་བརྒྱ་དང་བརྒྱད་ཀྱི་བྱིན་རླབས་གནས་ཡོད་པར་བཤད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
辛家拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
ཆེན་ནེ་ལུང་བའི་ལུང་མདོ་ན་ཡོད།
1 ​ངོ་སྤྲོད།

ལབ་ཙེ་འདི་ནི་ཆེན་ནེ་ལུང་བའི་ལུང་མདོ(青崖沟的沟岔)ན་ཡོད། ལབ་ཙེ་དེ་ནི་ལྷ་བརྒྱ་དང་བརྒྱད་ཀྱི་བྱིན་རླབས་གནས་ཡོད་པར་བཤད། འདིའི་སྐབས་ཀྱི་ལྷ་བརྒྱ་དང་བརྒྱད་དང་། གོང་གི་དམ་ཆེན་ཆོས་རྒྱལ་གྱི་ལག་ཆའི་ལྕགས་གོར་གྱི་ཁ་གྲངས་གཉིས་ལ་འབྲེལ་རེ་ཡོད་དམ་སྙམ། དེ་ལ་བཤད་རྒྱུན་ཞིག་ཡོད་པ་ནི། སྔོན་ཆད་ས་འདིའི་དྲེལ་ཐམས་ཅད་ཤི་ནས་བཞི་ལས་མ་ལྷག གྲྭ་པ་ཞིག་གིས་གནས་འདིའི་ས་ཆུ་ལ་བལྟས་ནས་ལུང་བ་འདི་ས་རྩུབ་པས་ཡིན་ཟེར་ནས་དེ་ལ་ལབ་ཙེ་ཞིག་གི་མགོ་གནོན་དགོས་ཞེས་ལབ་ཙེ་འདི་བརྩིགས། རྗེས་ནས་དྲེལ་གྱི་འཕེལ་ཁ་རྒྱས་བྱུང་ཟེར། འོན་ཀྱང་ད་ལྟ་འདི་བསྟོད་མཁན་ཉུང་ཞིང་ཁ་ཆག་སྣ་རལ་དུ་གྱུར་འདུག