ཧོ་ར་ལབ་ཙེ།སྔ་མའི་པར་གཞི་དེ གླང་ཕག་ལོ།  ནས 2023-05-24 08:38ལ་འགྲུབ།

ཧོ་ར་ལབ་ཙེ།

ཧོ་ར་ལབ་ཙེ་ནི་ར་རྒན་ཡུལ་ཚོའི་ཧོ་ར་སྡེ་བ་ན་ཡོད། སྡེ་བ་འདིའི་རྩ་སྐྱ་ལུང་བའི་ཉག་ག་ལ་ལབ་ཙེ་ཉག་ག་ཡང་ཟེར་ལ་དེར་ལབ་ཙེ་གཅིག་ཡོད་པའི་མིང་ལ་ཧོ་ར་ལབ་ཙེ་ཟེར་ཞིང་སྔ་མོའི་དུས་ནས་བཙུགས་པར་མ་ཟད་རིག་གསར་གྱི་སྐབས་སུའང་མ་བཤིག་པར་སོ་ན་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
霍拉拉则
རིགས་དབྱེ།
ལབ་ཙེ།
གནས་ཡུལ།
ར་རྒན་ཡུལ་ཚོའི་ཧོ་ར་སྡེ་བ་ན་ཡོད།
1 ངོ་སྤྲོད།

ཧོ་ར་ལབ་ཙེ་ནི་ར་རྒན་ཡུལ་ཚོའི་ཧོ་ར་སྡེ་བ་ན་ཡོད། སྡེ་བ་འདིའི་རྩ་སྐྱ་ལུང་བའི་ཉག་ག་ལ་ལབ་ཙེ་ཉག་ག་ཡང་ཟེར་ལ་དེར་ལབ་ཙེ་གཅིག་ཡོད་པའི་མིང་ལ་ཧོ་ར་ལབ་ཙེ་ཟེར་ཞིང་སྔ་མོའི་དུས་ནས་བཙུགས་པར་མ་ཟད་རིག་གསར་གྱི་སྐབས་སུའང་མ་བཤིག་པར་སོ་ན་གནས་ཡོད། གཙོ་བོ་ལོ་སར་ཚེས་གཅིག་དང་ཚེས་བཅུ་གསུམ་ལ་ལབ་ཙེ་བསྟོད་པ་དང་རྒྱ་བོད་སྐྱ་སེར་ཕོ་མོ་གང་རུང་འགྲོ་ཆོག ལབ་ཙེ་སྟོད་སྐབས་བྱ་ཕོ་དམར་མཆོད་བྱེད་མཁན་ཡོད་ལ་ཚེ་ཐར་དུ་གཏོང་མཁན་ཡང་ཡོད། རྫས་སོགས་གཞན་དག་ཐག་ཉེའི་སྡེ་བ་རྣམས་འདྲ།