གུང༌།སྔ་མའི་པར་གཞི་དེ ཁུ་པེ།  ནས 2023-05-26 15:04ལ་འགྲུབ།

གུང༌།

1.ཉིན་མོ་དང་མཚན་མོའི་ཆུ་ཚོད་བཅུ་གཉིས་གཡས་གཡོན་གྱི་དུས། 2.སྔ་རྗེས་ཀྱི་རིམ་པའི་མིང་། 3.སྲོག་ཆགས་ཀྱི་རིགས་སྟག་དང་དབྱིབས་ཆ་ཙམ་འདྲ་བའི་གཅན་གཟན་ཞིག 4.རྒྱ་ནག་གོང་མའི་སྐབས་ཀྱི་གོ་ཐོབ་ཅིག་གི་མིང་། 5.གཅན་གཟན་རབ་འབྲིང་གི་དབྱེ་བ་ལ་བལྟོས་ནས་བཏགས་པའི་སྟག་དང་ཆེས་འདྲ་བའི་གཅན་གཟན་རིགས་ཤིག་གི་མིང་། 6.གུང་ནི་དབུས།
1 ལོ་ཙཱ།

རྒྱ་ཡིག 1.公爵的“公” 2.中央  3.草豹 

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། [1]སྔར་རྒྱ་ནག་གོང་མའི་སྐབས་ཀྱི་གོ་ས་ཞིག [2]དཀྱིལ་ཏེ། དགུང་ཡང་སྣང༌། 正中:ཉིན་གུང༌། 正午。མཚན་གུང༌། 午夜,中夜。[3]སྲོག་ཆགས་ཀྱི་རིགས་སྟག་དང་དབྱིབས་ཆ་ཙམ་འདྲ་ཞིང༌། སྤུ་རིས་ནར་མོ་དང་སྒོར་མོ་གཉིས་འདྲེས་པའི་གཅན་གཟན་ཞིག་སྟེ། དེའི་ཤ་ཡིས་སྨྱོ་བྱེད་ཀྱི་ནད་དང༌། འབྱུང་གདོན་གྱི་ནད་ལ་ཕན། 别名大头虎。有说为犼。皮毛夹杂长条及圆点斑纹的一种猛兽。肉入药治癫狂及中邪魔之病;གུང་ལྤགས། 草豹皮。དཔའ་བོའི་རྐྱེན་དུ་གུང་དང་སྟག། 称英雄为虎豹。[4]སྔ་ཕྱིའི་རིམ་པ། 前后次序,先后:བཤད་ཚུལ་མི་འདྲ་བ་རྣམས་གུང་བསྒྲིགས་པ། 不同论点,依次罗列。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། 1.ཉིན་མོ་དང་མཚན་མོའི་ཆུ་ཚོད་བཅུ་གཉིས་གཡས་གཡོན་གྱི་དུས་ཏེ། དཔེར་ན། ཉིན་གུང་ངལ་གསོ། མཚན་གུང་ལ་ཉལ་ལྟ་བུ། 2.སྔ་རྗེས་ཀྱི་རིམ་པའི་མིང་སྟེ།      དཔེར་ན། མི་ཚོགས་གུང་བསྒྲིགས། སྔ་ཕྱིའི་སྐད་ཆ་རྣམས་གུང་བསྒྲིགས་ནས་དཔྱད་ལྟ་བུ། 3.སྲོག་ཆགས་ཀྱི་རིགས་སྟག་དང་དབྱིབས་ཆ་ཙམ་འདྲ་བའི་གཅན་གཟན་ཞིག་སྟེ། སྤུ་རིས་ནར་མོ་དང་སྒོར་མོ་གཉིས་འདྲེས་པ་དེའི་ཤ་ཡིས་སྨྱོ་བྱེད་ཀྱི་ནད་དང༌། འབྱུང་གདོན་གྱི་ནད་ལ་ཕན།དཔེར་ན། གུང་ལྤགས། དཔའ་བོའི་རྐྱེན་དུ་གུང་དང་སྟག་ཅེས་པ་ལྟ་བུ། 4.རྒྱ་ནག་གོང་མའི་སྐབས་ཀྱི་གོ་ཐོབ་ཅིག་གི་མིང་། 5.གཅན་གཟན་རབ་འབྲིང་གི་དབྱེ་བ་ལ་བལྟོས་ནས་བཏགས་པའི་སྟག་དང་ཆེས་འདྲ་བའི་གཅན་གཟན་རིགས་ཤིག་གི་མིང་སྟེ། གྲུབ་ཆེན་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས། གུང་ནི་སྟག་དང་དབྱིབས་ཆ་ཙམ་འདྲ་ཞིང་རི་མོ་ནག་ཁྲ་ནལ་མོ་དང་སྒོར་མོ་གཉིས་འདྲེས་པ་ཞིག་སྟེ། གཅན་གཟན་རབ་འབྲིང་གི་དབྱེ་བ་འབྲིང་ཙམ་ཡིན་པས་ན་གུང་ཞེས་བཤད། ཅེས་གསུངས་པ་ལྟར་རོ། ། 6.གུང་ནི་དབུས། 



བརྡ་འགྲེལ་གདོང་འཛར།

ཉིན་མོ། མཚན་མོ། གཅན་གཟན། སྔ་རྗེས།