ལྕང་སྐྱ་གྲགས་པ་འོད་ཟེར་གྱི་འཁྲུངས་གཞིས།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-24 15:48ལ་འགྲུབ།

ལྕང་སྐྱ་གྲགས་པ་འོད་ཟེར་གྱི་འཁྲུངས་གཞིས།

དགོན་ལུང་དགོན་པའི་ཁྲི་རབས་དྲུག་པ་ལྕང་སྐྱ་གྲགས་པ་འོད་ཟེར་མཆོག་ནི་བྲག་དམར་ལུང་པའི་ལྕང་སྐྱ་སྡེ་བར་སྐུ་འཁྲུངས་ཤིང་། ཁོང་གི་ཕྱག་ཡུལ་གྱི་གཞིས་ཁྱིམ་ལ་ད་ལྟའི་བར་དུ་བདག་དམ་ལེགས་པོ་གནང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
一世章嘉故居
གནས་ཡུལ།
བྲག་དམར་ལུང་པའི་ལྕང་སྐྱ་སྡེ་བར་གནས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

དགོན་ལུང་དགོན་པའི་ཁྲི་རབས་དྲུག་པ་ལྕང་སྐྱ་གྲགས་པ་འོད་ཟེར་མཆོག་ནི་བྲག་དམར་ལུང་པའི་ལྕང་སྐྱ་སྡེ་བར་སྐུ་འཁྲུངས། ཁོང་གི་ཕྱག་ཡུལ་གྱི་གཞིས་ཁྱིམ་ལ་བདག་དམ་ལེགས་པོ་གནང་ཡོད། གཞིས་ཁྱིམ་འདི་ལ་ར་གོང་ཞོལ་གཉིས་ཡོད་ལ། ར་གོང་མར་ཤིང་གི་ཁང་མིག་གྱན་གསུམ་གསར་དུ་ལས་ཡོད་ལ། ནང་དུ་ལྕང་སྐྱ་སྐུ་ཕྲེང་དང་པོ་ནས་བདུན་པའི་བར་གྱི་འབག་སྐུ་བཞེངས་ཡོད། ར་ཞོལ་མར་མཐོ་ཚད་ལ་སྨི10ཙམ་ཡོད་པའི་མཆོད་རྟེན་ཞིག་བཞེངས་ཡོད། མཆོད་རྟེན་གྱི་ཤུལ་ནི་ལྕང་སྐྱ་སྐུ་ཕྲེང་དང་པོ་གྲགས་པ་འོད་ཟེར་གྱི་ལྟེ་ཁྲག་འཕོས་སའི་གནས་ཡིན་པར་བཤད། ར་བར་ཨར་འདམ་མ་བླུགས་སྔོན་ལ། མཆོད་རྟེན་གྱི་མཐའ་རུ་དུས་རྒྱུན་སྦྲུལ་དཀར་ནག་གཉིས་རྒྱུ་བ་མཐོང་རྒྱུ་ཡོད་ཟེར།