ཉོན་མོངས་མེད་པའི་ཏིང་འཛིན།སྔ་མའི་པར་གཞི་དེ ཁུ་པེ།  ནས 2023-05-26 15:05ལ་འགྲུབ།

ཉོན་མོངས་མེད་པའི་ཏིང་འཛིན།

དམིགས་པ་གཞན་རྒྱུད་ལ་དམིགས་ནས་རྣམ་པ་ཉོན་མོངས་མི་སྐྱེ་བར་རྗེས་སུ་སྲུང་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག
1 ལོ་ཙཱ།

རྒྱ་ཡིག 无染定

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས། དམིགས་པ་གཞན་རྒྱུད་ལ་དམིགས་ནས་རྣམ་པ་ཉོན་མོངས་མི་སྐྱེ་བར་རྗེས་སུ་སྲུང་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་སྟེ། ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག 无染定。缘他相续为所缘境,能护染污不令生起为其行相之定与慧。二十一无漏智之一。 

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས། དམིགས་པ་གཞན་རྒྱུད་ལ་དམིགས་ནས་རྣམ་པ་ཉོན་མོངས་མི་སྐྱེ་བར་རྗེས་སུ་སྲུང་བར་བྱེད་པའི་ཏིང་ངེ་འཛིན་དང་ཤེས་རབ་ཟག་མེད་ཡེ་ཤེས་ཀྱི་སྡེ་ཚན་ཉེར་གཅིག་གི་ནང་གསེས་ཤིག