མདོ་བ་ཡར་ནང་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2023-05-29 08:58ལ་འགྲུབ།
སྡེ་བ་འདི་མདོ་བ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་སུ་ཆགས་ཡོད་ལ། མཚོ་འཕགས་སྨི2937ཡོད། གོ་ལའི་འཕྲེད་ཐིག102.28.54དང་གཞུང་ཐིག36.5.53.གྱི་སྟེང་དུ་གནས་ཡོད། སྡེ་འདིའི་ཐོག་མ་ནི་ཁོང་རྐེད་སྡེ་བ་ནས་རུ་སྤར་འོངས་པ་ཡིན་ཟེར། ད་ལྟ་བོད་པ་ཁྱིམ་ཚང90ཙམ་དང་། མི་གྲངས370ལྷག་ཡོད། མདོ་བ་སྐུ་ཞབས་རྒན་པ་གྲགས་པ་རྒྱལ་མཚན་ཚང་གི་འཁྲུངས་ཡུལ་ཡང་སྡེ་འདི་ཡིན། གཞན་སྡེ་འདིའི་གཞི་བདག་དང་ལབ་ཙེ་ནི་ཤར་ཕྱོགས་ཤར་གདོང་སྒང་གི་རི་རྩེ་རུ་བསྟད་ཡོད་པའི་ས་བརྒྱད་པ་ཐོབ་པའི་ཨ་མྱེས་ཤར་གདོང་དང་སྡེ་འདིའི་རྒྱབ་རིའི་རྩེ་རུ་བསྟད་པའི་ཨ་མྱེས་དགེ་བསྙེན་བསམ་འཕེལ་དབང་རྒྱལ་གཉིས་ཡོད།