སྐུ་འབུམ་ནང་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:56ལ་འགྲུབ།

སྐུ་འབུམ་ནང་སྡེ་བ།

སྡེ་བ་འདི་ནི་ནང་སྟོད་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ6ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2853ཡོད། གོ་ལའི་འཕྲེད་ཐིག36.10.54.1དང་། གཞུང་ཐིག102.6.30.1གི་སྟེང་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贡本昂村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
མཚོ་འཕགས།
སྨི2853ཡོད།
1 ངོ་སྤྲོད།

སྡེ་བ་འདི་ནི་ནང་སྟོད་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ6ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2853ཡོད། གོ་ལའི་འཕྲེད་ཐིག36.10.54.1དང་། གཞུང་ཐིག102.6.30.1གི་སྟེང་དུ་གནས་ཡོད། ཡུལ་དེའི་ཐོག་མའི་གཞི་འཛིན་ནི་གཅན་ཚ་སྲིབ་ལྟ་ནས་སྤུན་གསུམ་གནས་འདིར་ཡོང་སྟེ། རེ་རེས་དེང་གི་ཀ་སྐྱ་དང་། རི་རྒན་ནང་། སྐུ་འབུམ་ནང་བཅས་ཀྱི་ཡུལ་བདག་བྱས་ཏེ་རིམ་གྱིས་རྒྱ་ཆེར་ཆགས་པར་བཤད། ད་ལྟ་སྡེ་འདིར་ཁྱིམ་ཚང70དང་། མི་གྲངས230ལྷག་ཡོད་པ་ཚང་མ་བོད་རིགས་ཡིན། གྱན་ལྔ་ཅན་གྱི་མ་ཎི་ཁང་ཞིག་ཡོད་པ་ནི་སྡེ་བ་ཐུན་མོང་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ས་དང་ཕྱག་བསྐོར་ཚོགས་གསོག་བྱེད་ས་ཡིན། སྡེ་འདིའི་ལྷོ་ཕྱོགས་ཀྱི་སྤྱི་ལེ5ཙམ་གྱི་མཚམས་སུ་དཀར་པོ་ཐང་གི་ཕྱོགས་སུ་བཞུར་བའི་སྨན་ཆུ་ཞིག་ཡོད་པར་ཆུ་ཁོལ་ཐང་ཟེར། དེ་འཐུང་ན་ཆམ་པ་རིགས་ལ་སྨན་པར་བཤད།