དགོན་ཚ་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ། ནས 2023-05-29 08:56ལ་འགྲུབ།
སྡེ་བ་འདི་ནི་ནང་སྟོད་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་སུ་ཆགས་ཡོད་ལ། མཚོ་འཕགས་སྨི2342ཡོད། གོ་ལའི་འཕྲེད་ཐིག36.6.3དང་གཞུང་ཐིག102.1.15ཡི་སྟེང་དུ་གནས་ཡོད། སྡེ་བ་འདིར་ཁྱིམ་ཚང168ཡོད། དེའི་ནང་དུ་ཧོས་རིགས་ཁྱིང་ཚང152དང་བོད་རིགས་ཁྱིམ་ཚང16ཡོད། ཧོས་རིགས་རུས་མི་གཅིག་པ་ཧན་དང་། མཱ། ཡར། ཁྲན་བཅས་ཡོད་ལ། ཨེ་ས་ལེམ་ཆོས་ལུགས་ཀྱི་ལྷ་ཁང2ཡོད། སྡེ་བ་འདི་ནས་ཨ་ལགས་ཤར་གདོང་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་ཚང་འཁྲུངས།