རྩྭ་རིང་མོ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:56ལ་འགྲུབ།

རྩྭ་རིང་མོ།

སྡེ་བ་འདི་ནི་རྩ་བ་གྲོང་རྡལ་ནས་སྤྱི་ལེ1ཙམ་གྱི་མཚམས་སུ་ཡོད་ལ། མཚོ་འཕགས་སྨི2852ཡོད་པ་དང་སའི་གོ་ལའི་ཤར་གྱི་གཞུང་ཐིག101.53.21དང་། བྱང་གི་འཕྲེད་ཐིག36.14.18སྟེང་དུ་གནས། ཡུལ་ཕྱོགས་དེར་གནའ་སྔ་མོའི་དུས་སུ་ནགས་ཚལ་དང་རྩྭ་རྩི་སོགས་ཆེས་ཆེར་རྒྱས་པའི་གནས་ཤིག་ཡིན་པའི་ཆ་ནས་ཡུལ་སྤྱིའི་མིང་ལ་རྩྭ་རིང་མོ་ཞེས་ཐོགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
扎拉毛村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད།

སྡེ་བ་འདི་ནི་རྩ་བ་གྲོང་རྡལ་ནས་སྤྱི་ལེ1ཙམ་གྱི་མཚམས་སུ་ཡོད་ལ། མཚོ་འཕགས་སྨི2852ཡོད་པ་དང་སའི་གོ་ལའི་ཤར་གྱི་གཞུང་ཐིག101.53.21དང་། བྱང་གི་འཕྲེད་ཐིག36.14.18སྟེང་དུ་གནས། ཡུལ་ཕྱོགས་དེར་གནའ་སྔ་མོའི་དུས་སུ་ནགས་ཚལ་དང་རྩྭ་རྩི་སོགས་ཆེས་ཆེར་རྒྱས་པའི་གནས་ཤིག་ཡིན་པའི་ཆ་ནས་ཡུལ་སྤྱིའི་མིང་ལ་རྩྭ་རིང་མོ་ཞེས་ཐོགས། གཡས་སྟོད་ན་ཁྱོན་ཚང་སྡེ་བ་དང་། རྩྭ་བ་སྡེ་བ་དག་ཁྱིམ་མཚེས་ཀྱི་ཚུལ་དུ་ཆགས་ཡོད་ལ། བོད་པ་རྐྱང་རྐྱང་གིས་གྲུབ་པའི་སྡེ་དེར། རྒྱུ་གནས་ཚོ་བ་དང་། བདེ་ཡངས་ཚོ་བ། མཚམས་ཁུར་ཚོ་བ། རྫ་ཚོ་བ། ཞིན་ཧྭ་ཚོ་བ་བཅས་ཁྱོན་བསྡོམས་པས་ཁྱིམ་ཚང42ཡོད་ལ་མི་གྲངས200ལྷག་ཡོད། དེ་དག་ལས་རྒྱུ་གནས་ཚོ་བ་ནི་ས་སྐྱའི་ཡུལ་ནས་མཆེད་པར་བཤད་ལ། ཞིན་ཧྭ་ཚོ་བ་ནི་ཞིན་ཧྭ་རྫོང་ཁོངས་ནས་མཆེད་ཅིང་། བདེ་ཡངས་ཚོ་བ་ནི་དེང་གི་རྩ་བ་གྲོང་རྡལ་སྲིད་གཞུང་ནས་ལྷོ་ཕྱོགས་སུ་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད་པའི་བདེ་ཡངས་ཐང་ཞེས་པ་ནས་མཆེད་པར་གྲགས། མཚམས་ཁུར་ཚོ་བ་ནི་བདེ་ཡངས་ཐང་ནས་བྱང་དུ་སྤྱི་ལེ་གཅིག་ཙམ་གྱི་སར་མཚམས་ཁུར་ར་ཞེས་པའི་སྡེ་ནས་མཆེད་པའོ། ། སྡེ་འདི་རུ་རྙིང་མའི་བླ་མ་ཆོས་དབྱིངས་དང་རྒྱུད་ནས་རྣམ་པ་གཉིས་ཏེ། རྒན་པ་བློ་བཟང་ཆོས་དབྱིངས་སམ་མཚན་གཞན་སྟག་སྡོང་དཀར་པོ་ཚང་དང་། ཆུང་བ་འཇམ་དབྱངས་བཀྲ་ཤིས། དེ་མིན་བྱ་ཁྱུང་མཁན་རབས31པ་སྐུ་ཞབས་ངག་དབང་ནོར་བུ་དང་། བྱ་ཁྱུང་མཁན་རབས44པ་ངག་དབང་དགེ་ལེགས། མཚམས་ཁུར་དཔོན་པོ། ཨ་ཁུ་གྱ་སོ་དང་བཅས་པའི་མཁས་པའི་དབང་པོ་དང་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་མྱོང་ལ། བྱ་ཁྱུང་བླ་མ་མདོ་བ་ཚང་གིས་ཡུལ་དེའི་སའི་ཆགས་དབྱིབས་ནི་མེ་ཏོག་པདྨ་འདབ་བརྒྱད་ཀྱི་གཟུགས་སུ་ཡོད་པའི་ས་དཔྱད་མཛད་ཡོད། གཞན་ད་དུང་སུས་མཛད་པར་གསལ་ཆ་མེད་ཀྱང་རྒྱ་ནག་གི་ས་དཔྱད་པ་ཞིག་གིས་ཀྱང་། “青龙抬头钱财旺,白虎下山儿女多”ཞེས་པའི་བཤད་རྒྱུན་ཆགས་ཡོད་པ་ལས་ཡུལ་དེའི་སྣོད་ཀྱི་བཀོད་པ་སྤྱིར་བཏང་ཞིག་མིན་པར་གྲགས། དེ་ཡང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་འཁྲུངས་གཞིས་ཞིན་ཧྭ་རུ་ཕེབས་ཁར་སྡེ་འདི་དང་བྱ་ཁྱུང་གྲྭ་མང་གིས་ཡུལ་དེའི་བན་རྒན་ཐང་ཞེས་པ་ནས་ཐབ་བསུ་བཟུང་སྐབས་ཀྱི་བཞུགས་ཁྲི་ད་སྐབས་ཁོ་ཚོའི་མ་ཎི་ཁང་དུ་རྟེན་ཉར་བྱས་ཡོད་ལ། མ་ཎི་ཁང་ངམ་སྔགས་ཁང་གྱན་གསུམ་ཅན་པོ་དེའི་ཐོག་མའི་གཞི་ནི་མི་རབས་ལྔའི་སྔོན་ན་ཨ་ཁུ་གྱ་སོ་ཞེས་པའི་བཞེངས་པའི་བཤད་རྒྱུན་ཡོད་ཀྱང་ལོ་ཚིགས་མི་གསལ། ད་ལྟ་གནས་རྙིང་ཞིག་ཏུ་གྱུར་ཡོད། སྡེ་བ་འདི་ནི་གནའ་བོའི་དུས་སུ་བྱ་ཁྱུང་དགོན་པའི་ལྷ་སྡེ་དང་མཚམས་ཁུར་བརྒྱ་དཔོན་གྱི་མངའ་ཁོངས་སུ་གཏོགས།