ཁྲོན་ཚང་སྡེ་བ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2023-05-29 08:55ལ་འགྲུབ།

ཁྲོན་ཚང་སྡེ་བ།

སྡེ་བ་འདི་ནི་ལ་དམར་རི་བོའི་འདབས་རོལ་དུ་ཆགས་ལ། ཙོང་ལ་རིང་མོའི་རི་རྒྱུད་དུ་གཏོགས། རྩ་བ་གྲོང་རྡལ་ནས་སྤྱི་ལེ6ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2929ཡོད་པ་དང་སའི་གོ་ལའི་ཤར་གྱི་གཞུང་ཐིག101.57.68དང་བྱང་གི་འཕྲེད་ཐིག36.14.94སྟེང་དུ་གནས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
全藏村
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད།

སྡེ་བ་འདི་ནི་ལ་དམར་རི་བོའི་འདབས་རོལ་དུ་ཆགས་ལ། ཙོང་ལ་རིང་མོའི་རི་རྒྱུད་དུ་གཏོགས། རྩ་བ་གྲོང་རྡལ་ནས་སྤྱི་ལེ6ཙམ་གྱི་མཚམས་སུ་ཡོད། མཚོ་འཕགས་སྨི2929ཡོད་པ་དང་སའི་གོ་ལའི་ཤར་གྱི་གཞུང་ཐིག101.57.68དང་བྱང་གི་འཕྲེད་ཐིག36.14.94སྟེང་དུ་གནས་ཡོད། སྔོན་གྱི་དུས་སུ་ཡུལ་གྲུ་གང་ནས་ཡིན་པ་མི་གསལ་ཞིང་འཚོ་བའི་གོམས་སྲོལ་སོགས་འབྲོག་པར་གཏོགས་པ། མཚན་ལ་ཁྱོན་ཚང་ཞེས་པའི་བླ་མ་ཞིག་སྡེ་འདིར་འབྱོར་ཏེ་གཏན་བཞུགས་གནང་པས་ཕྱིས་སུ་བླ་མའི་མཚན་སྡེ་ལ་ཐོགས་ཟེར། སྡེ་འདིར་ཁྱིམ་ཚང35ཙམ་དང་། མི་གྲངས120ལྷག་ཡོད་ལ། གནའ་དུས་མཚམས་ཁུར་བརྒྱ་དཔོན་གྱི་མངའ་ཁོངས་སུ་གཏོགས་ཤིང་། ཚོ་བ་གཙོ་བོ་ཁྲོན་ཚང་ལས་གཞན་གསལ་བོ་བརྗོད་རྒྱུ་མི་འདུག ། སྡེ་འདིའི་སའི་ཆགས་དབྱིབས་ནི་རུས་སྦལ་ཆུ་འཐུང་ཞིག་གི་ཚུལ་དུ་སྣང་བས་རང་བཞིན་གྱིས་ས་དགྲ་དང་ཆུ་དགྲའི་གནོད་པ་མི་མངའ་བར་གྲགས། མ་ཎི་ཁང་ངམ་སྔགས་ཁང་གྱན་ལྔ་ཅན་ཞིག་ཡོད་པའི་ནང་རྟེན་གཙོ་བོ་སྟོན་སྐུ་བྱིན་ཅན་དང་། གཞན་རྒྱལ་པོ་རྭ་སྒྲེང་གིས་ཨ་ལགས་ཤར་གདོང་རིན་པོ་ཆེར་གནང་པ། ཁོང་ཉིད་ཀྱིས་སྡེ་འདིར་གནང་པའི་རྗེ་བཙུན་སྒྲོལ་མའི་སྐུ་ལ་སོགས་པ་ཡོད། དེ་མིན་སྡེ་འདིའི་མིང་འཛིན་པའི་ཧོས་རིགས་ཁྱིམ་ཚང142ཡོད་ལ་མཆེད་ཁུངས་གསལ་བོ་བརྗོད་རྒྱུ་མི་འདུག