མིང་མེད་དགོན་གྱི་གནའ་ཤུལ།སྔ་མའི་པར་གཞི་དེ ཚ་ཞང་འདན་མ་བྱང་ཁྲ།  ནས 2023-05-23 16:19ལ་འགྲུབ།

མིང་མེད་དགོན་གྱི་གནའ་ཤུལ།

མིང་མེད་དགོན་གྱི་གནའ་ཤུལ་ནི་མདོ་ལུང་ཡུལ་ཚོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་ཀྱི་མཱ་ཅི་སྡེ་བའི་རྒྱབ་རིར་དེའུ་ཞིག་ཡོད་པ་དེར་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
无名寺遗址
གནས་ཡུལ།
མདོ་ལུང་ཡུལ་ཚོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་ཀྱི་མཱ་ཅི་སྡེ་བའི་རྒྱབ་རིར་དེའུ་ཞིག་ཡོད་པ་དེར་ཆགས་ཡོད།
ཁོངས་གཏོགས་གྲོང་ཁྱེར།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར།
1 ངོ་སྤྲོད་མདོར་བསྡུས། 

མདོ་ལུང་ཡུལ་ཚོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ1གི་མཚམས་ཀྱི་མཱ་ཅི་སྡེ་བའི་རྒྱབ་རིར་དེའུ་ཞིག་ཡོད་པ་དེར་བོད་བརྒྱུད་ནང་བསྟན་གྱི་དགོན་ཤུལ་ཞིག་ཡོད། དགོན་ཤུལ་ཡོད་པའི་ལུང་པ་དེ་ལ། དེང་སྐབས་ཀྱང་རྒྱ་སྐད་དུ་ཏ་སི་ཁུག་སྟེ། དགོན་ཆེན་ལུང་པ་ཞེས་འབོད། མ་ཅི་སྡེ་བ་གཞིས་ཆགས་པའི་མདུན་ཕྱོགས་ཀྱི་ཐང་ཆེན་པོ་དེ་ལ། མདོ་ལུང་ཡུལ་ཚོ་མི་དམངས་སྲིད་གཞུང་ཆགས་ཡོད། ཐང་དེ་ལ་རྒྱ་སྐད་དུ་ཏ་སི་ཐན་ཏེ། དགོན་ཆེན་ཐང་དུ་འབོད། དགོན་པ་དེ་ཇི་ལྟར་ཆགས་ཚུལ་ཤེས་དཀའ་བར་མ་ཟད། ཐ་ན་དགོན་མིང་ཡང་རྩད་ཞིབ་བྱེད་དཀའ། རྒན་པ་ཚོའི་ངག་རྒྱུན་ལྟར་ན། སྔར་དགོན་པ་ཆགས་པའི་ལུང་པ་དེར་དུག་སྦྲུལ་ཤིན་ཏུ་མང་། གྲྭ་པ་རྣམས་ཞོགས་པར་མལ་ལས་བཞེངས་དུས། ཤག་གི་གསོལ་ཐབ་དང་ཉལ་ཁྲི། ལྷམ་སོགས་སུ་སྦྲུལ་འཁྱིལ་བ་མཐོང་ཐུབ་ཟེར། ཕྱིས་དགོན་པ་སྤྱི་དང་ལྷག་པར་དགེ་འདུན་པ་རྣམས་ཀྱི་ཚེ་སྲོག་ལ་གནོད་པ་ཐེབས་པར་དོགས་ཏེ། དགོན་པ་དེ་གནས་གཞན་ཞིག་ཏུ་སྤར་སོང་བར་བཤད།