འདི་ནི་ཤར་ལུང་ཡུལ་ཚོའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་ཆགས་ཡོད་ཅིང་། ལོ་རྒྱུས་ཤིན་ཏུ་རིང་བའི་ལྷ་ཁང་རྙིང་པ་ཞིག་ཡིན་པར་བཤད། ནམ་ཞིག་ལ་བཞེངས་མིན་གསལ་ཁ་ཆོད་དཀའ་ཡང་། ལྷ་ཁང་དུ་ཉར་ཚགས་བྱས་པའི་ཅོང་རྙིང་ལས་སུ་ཆིང་གོང་མ་ཅ་ཆིན་ཁྲི་རབས་ཉེར་གསུམ་པ་ཞེས་བྲིས་ཡོད་པར་གཞིགས་ན། ལོ་རྒྱུས་ཅུང་རིང་བ་ཤེས་ཐུབ། དེང་གི་ལྷ་ཁང་ནི་གསར་དུ་བཞེངས་པ་ཞིག་ཡིན་ལ། ནང་གི་རྟེན་གཙོ་བོ་རྟེན་ལྕགས་མདའི་དམ་ཅན་མགོན་ནག་དང་འགྱོགས་བྱམས་སུ་བཞུགས་པའི་ཀླུ་རྒྱལ་ཨ་མྱེས་ཁྲ་ལེབ་བཅས་ཡིན། ལྷ་ཁང་གི་ཕྱོགས་བཞིར་སྟོན་པ་དང་སྤྱན་རས་གཟིགས། འཇམ་པའི་དབྱངས། སྒྲོལ་ལྗང་། འཛམ་སེར་སོགས་ཀྱི་ཐང་ག་བཤམས་ཡོད། གཡས་གཞོག་ཏུ་སྐུ་འབུམ་ནས་བླུས་པའི་བཀའ་འགྱུར་ཚར་གཅིག་གླེགས་བམ་ཤིང་གིས་བཏུམས་ཏེ་དཔེ་སྒྲོམ་དུ་བཤམས་ཡོད། ལོ་གསར་གནམ་སྟོང་དང་། ཟླ་རེའི་ཚེས8དང15སོགས་ཀྱི་དུས་ཆེན་ལ་ལྷ་ཁང་དུ་བསང་འཕུད་པ་དང་མཆོད་མེ་སྒྲོན་པ། ཕྱག་འཚལ་བ། ཅོང་རྡུང་བ་སོགས་ཀྱི་མཆོད་འབུལ་བྱེད་སྲོལ་ཡོད།