གཙོད་གནས་མཚོ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2023-05-19 08:41ལ་འགྲུབ།

གཙོད་གནས་མཚོ།

གཙོད་གནས་མཚོ།
གཙོད་གནས་མཚོ་ནི་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁོངས་སུ་གནས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རི་དྭགས་གཙོད་ཀྱིས་ལོ་རེའི་ཟླ་དྲུག་པ་ནས་བདུན་པའི་བར་ཕྲུག་གུ་སྐྱེ་སའི་ས་ཁུལ་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
卓乃湖
གནས་ཡུལ།
ཨ་ཆེན་གངས་རྒྱབ་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས།
ནམ་ཟླ།
མཐོ་སྒང་གི་གནམ་གཤིས།
རྒྱ་ཁྱོན།
256 km²
1 ས་ཁམས་ཁོར་ཡུག

གཙོད་གནས་མཚོའི་ས་བབ་མཐོ་ཚད་ལ་སྨི5000ཙམ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ256ཡོད། མཐའ་འཁོར་ནི་གཙོད་ལོ་ལྟར་གཅིག་སྡུད་ཐོག་གཙོད་ཕྲུག་སྐྱེ་ཡུལ་གལ་ཆེ་ཤོས་ཤིག་ཡིན་ལ་དེ་སྔ་ལྐོག་རྔོན་བྱེད་མཁན་གྱིས་གཙོད་གསོད་པའི་ས་ཁོངས་ཤིག་ཀྱང་ཡིན།

2 གནམ་གཤིས།

གཙོད་གནས་མཚོར་འགྲོ་ལམ་མེད་པ་དང་། གནམ་གཤིས་གྲང་ངར་ཆེ་བ། དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ41ཡིན། རིམ་པ8ཡན་གྱི་རླུང་ཆེན་ལོ་རེར་ཉིན200ཡན་ལ་གཡུག་བཞིན་ཡོད།

3 རང་བྱུང་ཐོན་ཁུངས།

གཙོད་ཀྱིས་ལོ་རེའི་ཟླ12པར་རྒྱུད་སྤེལ་བ་དང་ཕྱི་ལོའི་ཟླ5པའི་ཟླ་མཇུག་དང་ཟླ6པའི་ཟླ་སྟོད་དུ་གཙོད་གནས་མཚོར་གཙོད་ཕྲུག་སྐྱེ་བར་འགྲོ་བ་དང་། ཟླ7པར་ཕྱིར་འཚོ་སྡོད་ཁུལ་དུ་ལོག་ནས་གཙོད་ཁྱུ་དང་མཉམ་དུ་སྡོད་པ་དང་ཆ་སྙོམས་གནས་སྤོ་བྱེད་པའི་ལམ་ཐག་སྤྱི་ལེ600ཙམ་ཟིན་གྱིན་ཡོད།  

4 བརྟོལ་མི་ཐུབ་པའི་གསང་བ།

ལོ་རེའི་ཟླ5པ་ནས6པའི་བར་མཚོ་སྔོན་གཙང་གསུམ་ཆུ་མགོའི་སྲུང་སྐྱོབ་ཁུལ་དང་། བོད་ལྗོངས་ཀྱི་བྱང་ཐང་སྲུང་སྐྱོབ་ཁུལ། ཤིན་ཅང་ཨའར་ཅིན་ཧྲན་སྲུང་སྐྱོབ་ཁུལ་བཅས་སུ་འཚོ་བ་སྐྱེལ་བའི་གཙོད་ཁྲི་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་གཙོད་གནས་མཚོར་གཙོད་ཕྲུག་སྐྱེ་བར་ཡོང་གིན་ཡོད། གཙོད་ནི་ཅི་ཕྱིར་ཐག་རིང་པོ་ནས་གཙོད་གནས་མཚོར་གཙོད་ཕྲུག་སྐྱེ་བར་ཡོང་བ་དེ་ནི་ད་བར་གྱི་གཏོལ་མི་ཐུབ་པའི་གསང་བ་ཞིག་ཏུ་གྱུར་ཡོད།

དཔྱད་གཞིའི་ཡིག་ཆ།