ཡུལ་ཤུལ་ཁུལ་སྲིད་གཞུང་གནས་སའི་སྐྱེ་རྒུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་32ཡོད་པའི་ཁྲི་འདུ་རྫོང་གི་ཁོངས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི3700ལྷག་ཡོད།
དགོན་པ་དེ་ནི་དེ་སྔ་བོན་པོའི་དགོན་པ་ཞིག་ཡིན། སྤྱི་ལོ1269ལོར་ས་སྐྱ་གོང་མ་རྣམ་ལྔའི་གྲས་ཀྱི་ཆོས་རྗེ་འགྲོ་མགོན་ཆོས་རྒྱལ་འཕགས་པས་ས་སྐྱའི་གྲུབ་མཐའ་ལ་བསྒྱུར། སྤྱི་ལོ1983ལོར་སར་པ་གྲོང་ཚོར་གནས་སྤོས།
འདུ་ཁང་ཆེན་མོ་དང་། ཆོས་སྐྱོང་ལྷ་ཁང་། མཆོད་རྟེན་སོགས་ཡོད། གཞི་ཁྱོན་ཅུང་ཆེ་བའི་ཨོ་རྒྱན་པད་མ་འབྱུང་གནས་ཀྱི་ལྷ་ཁང་ཞིག་ཡོད་པ་དང་། སྤྱི་ལོ1999ལོར་བསྐྲུན་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞི་མ200དང་མཐོ་ཚད་ལ་སྨི20ལྷག་ཡོད། མཆོད་ཁང་ནང་གི་པད་མ་འབྱུང་གནས་ཀྱི་སྐུ་བརྙན་གྱི་མཐོ་ཚད་ལ་སྨི10ཡོད་པ་དང་། གཞོགས་གཉིས་སུ་པད་མ་འབྱུང་གནས་ཀྱི་སྤྲུལ་པ་ཆེན་པོ་བརྒྱད་ཡོད། མཆོད་ཁང་ནང་ད་དུང་རི་མོའི་སྒྱུ་རྩལ་རྩེར་སོན་པའི་ལྡེབས་རིས་ཡོད་པ་དང་། དེར་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན།