ཞབས་ཞུའི་ཐོན་རྫས།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-15 11:11ལ་འགྲུབ།

ཞབས་ཞུའི་ཐོན་རྫས།

ཞབས་ཞུའི་ཐོན་རྫས་ཞེས་པ་ནི་ཐོན་སྐྱེད་བྱེད་མཁན་གྱིས་མི་ཤུགས་དང་དངོས་ཤུགས། ཁོར་ཡུག་བཅས་ལས་གྲུབ་པའི་སྒྲིག་གཞིའི་མ་ལག་ལ་བརྟེན་ནས་ཕྱིར་འཚོང་དང་དངོས་ཡོད་ཐོན་སྐྱེད་དང་རྩིས་སྤྲོད་བྱས་པ་ཞིག་ཡིན་ཞིང་། འཛད་སྤྱོད་པས་ཉོ་བ་དང་དོན་དངོས་སུ་བསྡུ་ལེན་དང་འཛད་སྤྱོད་བྱེད་ཐུབ་པའི་བྱེད་ནུས་དང་ཕན་ནུས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
服务产品
ཁོངས་གཏོགས།
དཔལ་འབྱོར་རིག་པའི་བརྡ་ཆད།
གོ་དོན།
​ཐོན་སྐྱེད་བྱེད་མཁན་གྱིས་མི་ཤུགས་དང་དངོས་ཤུགས། ཁོར་ཡུག་བཅས་ཀྱིས་གྲུབ་པའི་སྒྲིག་གཞིའི་མ་ལག་བརྒྱུད་ནས་ཕྱིར་འཚོང་དང་དངོས་ཡོད་ཐོན་སྐྱེད་དང་རྩིས་སྤྲོད་བྱས་པ་ཞིག་ཡིན་ཞིང་། འཛད་སྤྱོད་པས་ཉོ་བ་དང་དོན་དངོས་ཀྱིས་བསྡུ་ལེན་དང་འཛད་སྤྱོད་བྱེད་ཐུབ་པའི་བྱེད་ནུས་དང་ཕན་ནུས་ལ་ཟེར།
རྩ་བའི་རིགས་པ།
ངལ་རྩོལ་པས་སྒྲིག་ཆས་དང་ཡོ་བྱད་ངེས་ཅན་ཞིག་སྤྱད་དེ་འཛད་སྤྱོད་པར་ཞབས་ཞུ་འདོན་སྤྲོད་བྱས་པ་ལས་བྱུང་བའི་མཇུག་འབྲས་ཏེ། ཞབས་ཞུའི་ངལ་རྩོལ་པས་འཛད་སྤྱོད་པར་འདོན་སྤྲོད་བྱས་པའི་ཞབས་ཞུའི་ངལ་རྩོལ་ལ་ངེས་པར་དུ་ཕན་ནུས་ངེས་ཅན་ཞིག་ལྡན་དགོས་པ་དང་། དམིགས་བསལ་གྱི་བེད་སྤྱོད་རིན་ཐང་ཆགས་སུ་བཅུག་ནས་མཇུག་འབྲས་ངེས་ཅན་ཞིག་ཐོན་པར་བྱ་དགོས།
དོ་སྣང་།
དུས་སྐབས་ངེས་ཅན་ཞིག་གི་ནང་དངོས་པོའི་ཐོན་རྫས་དང་ཞབས་ཞུའི་ཐོན་རྫས་བར་བསྡུར་ཚད་ཡང་དག་པ་ཡོད་དགོས།
1 ​མཚན་ཉིད།

དཔལ་འབྱོར་རིག་པའི་ཁྲོད་ཀྱི་ཞབས་ཞུ་ལ་ནང་དོན་གཉིས་ཡོད། གཅིག་ནི་ཐོན་ལས་གསུམ་པའི་ཁྲོད་ཀྱི་ཞབས་ཞུའི་ངལ་རྩོལ་ལ་ཟེར་བ་དང་། དེ་དང་དངོས་པོ་མ་ཡིན་པའི་ཐོན་སྐྱེད་ངལ་རྩོལ་དང་ཕལ་ཆེར་གཅིག་འདྲ་ཡིན་མོད། འོན་ཀྱང་ཕན་ཚུན་སྣོལ་བ་ཡོད། གཉིས་ནི་ཞབས་ཞུའི་ཐོན་རྫས་ཏེ། དངོས་པོ་མ་ཡིན་པའི་རྣམ་པའི་ཐོག་གནས་པའི་ངལ་རྩོལ་གྲུབ་འབྲས་ཏེ། གཙོ་བོ་ཐོན་ལས་གསུམ་པའི་སྡེ་ཁག་ཁྲོད་དངོས་རྫས་ཀྱི་རྣམ་པའི་ཐོག་ནས་མི་མངོན་པའི་ངལ་རྩོལ་གྲུབ་འབྲས་ཡོད་ཚད(དཔལ་འབྱོར་བརྒྱུད་རིམ་གྱི་རྙོག་འཛིང་རང་བཞིན་གྱི་དབང་གིས་དངོས་ཡོད་ཐོན་ལས་དང་པོ་དང་གཉིས་པའི་སྡེ་ཁག་ནང་དུའང་ཞབས་ཞུའི་ཐོན་རྫས་ཉུང་ཤས་བསྲེས་ཡོད)གལ་ཏེ་ངལ་རྩོལ་གྱི་དོན་སྙིང་སྟེང་ཞབས་ཞུ་བེད་སྤྱོད་བྱེད་པ་ལ་ཞབས་ཞུའི་ངལ་རྩོལ་ཟེར་ལ། ཐོན་རྫས་ཀྱི་དོན་སྙིང་སྟེང་ཞབས་ཞུ་བེད་སྤྱོད་བྱེད་པ་ལ་ཞབས་ཞུའི་ཐོན་རྫས་ཟེར། 

2 རྩ་བའི་རིགས་པ།

ངལ་རྩོལ་པས་སྒྲིག་ཆས་དང་ཡོ་བྱད་ངེས་ཅན་ཞིག་སྤྱད་དེ་འཛད་སྤྱོད་པར་ཞབས་ཞུ་འདོན་སྤྲོད་བྱས་པ་ལས་བྱུང་བའི་མཇུག་འབྲས། ཞབས་ཞུའི་ངལ་རྩོལ་པས་འཛད་སྤྱོད་པར་ཞབས་འདེགས་ཞུ་བའི་ངལ་རྩོལ་ལ་ངེས་པར་དུ་ཕན་ནུས་ངེས་ཅན་ཞིག་ལྡན་དགོས་པ་དང་། བེད་སྤྱོད་རིན་ཐང་ངེས་ཅན་ཞིག་ཆགས་ནས་མཇུག་འབྲས་ངེས་ཅན་ཞིག་ཐོན་དགོས།

ཞབས་ཞུའི་ཐོན་རྫས་གང་ཞིག་གསར་སྐྲུན་བྱེད་པར་དངོས་པོའི་རྒྱུ་ཆ་དང་ངལ་རྩོལ་དངོས་ངེས་ཅན་ཞིག་ཟད་གྲོན་བྱ་དགོས་ཤིང་། དེའི་ཟད་གྲོན་བྱས་འབྲས་ཀྱི་རྣམ་པ་གང་འདྲ་ཞིག་ཡིན་རུང་། བེད་སྤྱོད་རིན་ཐང་ངེས་ཅན་ཞིག་ལྡན་པ་དང་། སྤྱི་ཚོགས་ཀྱི་དགོས་མཁོ་ངེས་ཅན་ཞིག་སྐོང་ཐུབ་ན་དངོས་ཡོད་ཡིན་ལ། དངོས་པོའི་རང་བཞིན་གྱི་ཐད་ནས་ཞབས་ཞུའི་ཐོན་རྫས་དང་དངོས་པོའི་ཐོན་རྫས་གཉིས་རྦད་དེ་གཅིག་འདྲ་ཡིན་པ་དང་། དེའི་ཁྱད་པར་ནི་དངོས་པོའི་རྣམ་པ་མི་འདྲ་བ་དེ་ཡིན། དངོས་པོའི་ཐོན་རྫས་ནི་གཟུགས་ཡོད་ཅིག་ཡིན་པས་གཟུགས་ལྡན་ཐོན་རྫས་ཀྱང་ཟེར། ཞབས་ཞུའི་ཐོན་རྫས་ནི་སྤྱིར་བཏང་དུ་གཟུགས་མེད་ཡིན་པས་གཟུགས་མེད་ཐོན་རྫས་ཀྱང་ཟེར། ཁྱད་པར་དེ་རིགས་ནི་ཐོན་སྐྱེད་བྱ་རིམ་གྱི་ཁྱད་ཆོས་ལས་བྱུང་བ་རེད། དངོས་པོའི་ཐོན་རྫས་ཐོན་སྐྱེད་བྱེད་རིམ་ནང་ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་བཅས་ནི་གཅིག་གྱུར་ཡིན་ཞིང་། ཐོན་སྐྱེད་བྱེད་མཁན་གྱིས་སྒེར་ཚུགས་སུ་བྱེད་ཀྱི་ཡོད། ཐོན་རྫས་ཐོན་སྐྱེད་བྱས་རྗེས་དུས་ཚོད་དང་བར་སྟོང་འགུལ་སྐྱོད་བྱས་མཐར་འཛད་སྤྱོད་པའི་ལག་ཏུ་འབྱོར་བ་རེད། དེར་བརྟེན་དངོས་པོའི་ཐོན་རྫས་ཐོན་སྐྱེད་དང་། འགྲོ་རྒྱུག འཛད་སྤྱོད་བཅས་ནི་སྤྱིར་བཏང་དུ་དུས་ཚོད་དང་བར་སྟོང་གི་ཐད་ནས་ཁ་བྲལ་ཡོད། ཞབས་ཞུའི་ཐོན་རྫས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ནི་མི་འདྲ། ངལ་རྩོལ་པ་དང་ངལ་རྩོལ་རྒྱུ་ཆ་དེ་ཞབས་ཞུ་འདོན་སྤྲོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པའི་ཆ་ནས་སྔོན་ལ་གྲ་སྒྲིག་བྱས་ཡོད་པ་དང་། ངལ་རྩོལ་བྱ་ཡུལ་གྱིས་རྟག་ཏུ་འཛད་སྤྱོད་པ་ཡོང་རྗེས་ད་གཟོད་གཏན་འཁེལ་བྱེད་ཐུབ། དཔེར་ན། འགྲུལ་ཁང་དང་། པར་ལེན། སྐྲ་བཞར་བ། བཟོ་བཅོས། བློ་འདྲི་སོགས་ཀྱི་ལས་རིགས་ལ་གལ་ཏེ་འཛད་སྤྱོད་པས་ཞབས་ཞུའི་ཐོན་རྫས་མ་ཉོས་ན། མི་སྣ་དང་སྒྲིག་ཆས་ཚང་མ་དེ་གར་བེད་མེད་དུ་འཇོག་སྲིད། འཛད་སྤྱོད་པ་སླེབས་རྗེས་ངལ་རྩོལ་བྱ་ཡུལ་འདོན་སྤྲོད་དམ་མཛུབ་སྟོན་བྱས་ན་ཐོན་སྐྱེད་བྱ་རིམ་གཞི་ནས་འགོ་ཚུགས་ཐུབ། ཞབས་ཞུའི་ལས་རིགས་མང་པོ་དཔེར་ན། སྐྱེལ་འདྲེན་དང་། སྦྲག་ཏར་དང་། བཟའ་བཏུང་། སྐྱེད་ཚལ་སོགས་ཀྱི་ཞབས་ཞུའི་ཐོན་རྫས་ལ་ད་དུང་ཕྱོགས་གཅིག་ནས་ཐོན་སྐྱེད་དང་ཕྱོགས་གཅིག་ནས་འཛད་སྤྱོད་བྱེད་པའི་ཁྱད་ཆོས་ལྡན་པས། ཐོན་སྐྱེད་ཀྱི་བརྒྱུད་རིམ་དེ་འཛད་སྤྱོད་ཀྱི་ཕྱི་རོལ་དུ་ཁེར་རྐྱང་དུ་གནས་མི་རུང་བར་འཛད་སྤྱོད་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་སྤེལ་དགོས།

མི་རྣམས་ཀྱི་སྲོལ་རྒྱུན་འདུ་ཤེས་ནང་དངོས་པོའི་རྣམ་པའི་ཐོན་རྫས་ཁོ་ན་ནི་ཐོན་རྫས་ཡིན་ཏེ། སྤྱི་ཚོགས་ཀྱི་དངོས་པོའི་རྒྱུ་ནོར་གྲུབ་པའི་ནང་དོན་ཡིན། ཚན་རིག་ལག་རྩལ་ཡར་ཐོན་བྱུང་བ་དང་སྤྱི་ཚོགས་དཔལ་འབྱོར་གོང་དུ་འཕེལ་བ་དང་བསྟུན་ནས་ཞབས་ཞུའི་ཐོན་རྫས་ཀྱིས་སྤྱི་ཚོགས་ཀྱི་ཐོན་རྫས་བསྡོམས་འབོར་ནང་ཟིན་པའི་བསྡུར་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། མི་རྣམས་ཀྱིས་དངོས་པོའི་རྒྱུ་ནོར་ལ་འཛིན་པའི་འདུ་ཤེས་ཀྱང་རིམ་བཞིན་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ཞབས་ཞུའི་ཐོན་རྫས་ཀྱི་དངོས་པོའི་རང་བཞིན་ཁས་ལེན་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

ཚོང་ཟོག་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཞབས་ཞུའི་ཐོན་རྫས་དེ་ཚོང་ཟོག་ཏུ་བརྩིས་ནས་ཚོང་ཟོག་གཞན་དག་དང་བརྗེ་རེས་བྱེད་ཀྱི་ཡོད་ལ། ཚོང་ཟོག་བརྗེ་རེས་ཁྲོད་ཀྱི་ཆོས་ཉིད་སྤྱིར་བཏང་བར་བརྩི་སྲུང་བྱས་ནས་ཚོང་རའི་སྙོམས་སྒྲིག་དང་ལེན་བྱེད་ཀྱིན་ཡོད། འོན་ཀྱང་ཞབས་ཞུའི་ཐོན་རྫས་མང་པོ་ཞིག་ཕྱོགས་གཅིག་ནས་ཐོན་སྐྱེད་དང་འཛད་སྤྱོད་བྱེད་བཞིན་ཡོད་པས་ཐོན་རྫས་གསོག་འཇོག་བྱེད་ཐབས་བྲལ། ཞབས་ཞུའི་ཐོན་རྫས་རྒྱུན་ལྡན་ངང་འཁོར་རྒྱུག་བྱེད་པར་ཁག་ཐེག་དང་རྒྱུན་ལྡན་གྱི་ཐོན་སྐྱེད་ལ་ཁག་ཐེག་བྱེད་ཆེད། ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་མཁན་ལ་མཁོ་བ་ནི་སྒྲིག་ཆས་དང་། ཐོག་མའི་རྒྱུ་ཆ། ཡོ་བྱད་སོགས་ཐོན་སྐྱེད་བྱེད་ཐབས་ཁག་ཅིག་གསོག་འཇོག་བྱ་དགོས། དེ་ནི་ཞབས་ཞུའི་ཐོན་རྫས་འགྲོ་རྒྱུག་དང་དངོས་རྫས་ཐོན་རྫས་འགྲོ་རྒྱུག་བར་གྱི་ཁྱད་པར་མངོན་གསལ་རེད། ཞབས་ཞུའི་ཐོན་རྫས་མངོན་འགྱུར་བྱེད་པའི་ཐད་ཚོང་ཟོག་ནས་དངུལ་ལོར་བར་གྱི་དུས་རིམ་ནི་བདེ་བླག་ཡིན་པ་དང་། དཀའ་ངལ་ནི་ཐོན་སྐྱེད་བྱེད་རིམ་གོང་དུ་དངུལ་ལོར་ནས་ཚོང་ཟོག་ཉོ་བའི་དུས་རིམ་ཡིན། ཞབས་ཞུའི་ལས་རིགས་གཉེར་སྐྱོང་བྱེད་མཁན་གྱི་ལག་ཏུ་ཡོད་པའི་དངུལ་ལོར་མ་དངུལ་དེ་ཐོན་སྐྱེད་རྒྱུ་ཆ(སྒྲིག་ཆས་དང་ཐོག་མའི་རྒྱུ་ཆ)ལ་བསྒྱུར་བར་བརྒྱུད་རིམ་ཞིག་དགོས་པ་དང་། ལྷག་པར་དུ་མ་བཅོས་རྒྱུ་ཆ་མཁོ་སྤྲོད་མི་འདང་བའི་གནས་ཚུལ་འོག་བརྒྱུད་རིམ་འདི་དེ་བས་རིང་བ་ཡིན། དེར་བརྟེན་ཞབས་ཞུའི་ཐོན་རྫས་མངོན་འགྱུར་བྱུང་མེད་པའི་དཀའ་ངལ་སྤྱིར་བཏང་དུ་བཤད་མི་ཆོག

སྤྱི་ཚོགས་ཀྱི་སྤྱིའི་ཐོན་རྫས་དང་སྤྱི་ཚོགས་ཀྱི་ཉོ་ཤུགས་གཉིས་བལྟོས་བཅས་ཀྱིས་དོ་མཉམ་ཡིན། སྤྱི་ཚོགས་ཀྱི་ཉོ་ཤུགས་དེ་ཞབས་ཞུའི་ཐོན་རྫས་ལ་གཏོང་རྒྱུ་མང་ན། དངོས་པོའི་ཐོན་རྫས་ལ་གཏོང་རྒྱུ་ཉུང་བ་དང་། དེ་ལས་ལྡོག་ན་དེ་ལྟར་ཡིན། དུས་ཚོད་ངེས་ཅན་ཞིག་གི་ནང་དུ་དངོས་པོའི་ཐོན་རྫས་དང་ཞབས་ཞུའི་ཐོན་རྫས་བར་བསྡུར་ཚད་ཡང་དག་པ་ཡོད་དགོས། ཞབས་ཞུའི་སྒྲིག་བཀོད་དཀོན་པ་དང་། ཞབས་ཞུའི་ངལ་རྩོལ་ནུས་ཤུགས་མི་འདང་བ། ཡང་ན་ཞབས་ཞུའི་ལས་རིགས་ལ་མ་དངུལ་དང་ངལ་རྩོལ་ནུས་ཤུགས་མང་དྲགས་པ། ཞབས་ཞུའི་ཐོན་རྫས་མཁོ་སྤྲོད་མི་ཐུབ་པའམ་ཡང་ན་མཁོ་འདོན་མང་ཙམ་བྱེད་པ་བཅས་ཚང་མ་རྒྱལ་དམངས་དཔལ་འབྱོར་གྱི་བསྡུར་ཚད་འབྲེལ་བ་དོ་མི་མཉམ་པའི་མཚོན་ཚུལ་ཡིན།

དཔྱད་གཞིའི་ཡིག་ཆ།