འཇའ་ཚང་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:17ལ་འགྲུབ།

འཇའ་ཚང་སྡེ་བ།

འཇའ་ཚང་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ5མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
温家村
ལ་ཏིང་གི་མིང་།
vjav tshang sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2500ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་འདན་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ5མཚམས་སུ་ཆགས་ཡོད། སྡེ་བ་འདི་མཚོ་འཕགས་སྨི2500ཡོད་ཅིང་། དུད་ཁྱིམ270དང་མི་གྲངས1600ལྷག་ཡོད། དེ་ལས་ཧོར་རིགས་མང་ཤོས་ཡིན། སྡེ་བ་ལ་འཇའ་སྡེ་བ་དང་སྡེ་བའི་མདུན་ཕྱོགས་ཀྱི་ཐང་གཞུང་དེ་ལ་འཇའ་ཐང་ཞེས་འབོད། ཇི་ལྟར་ཐོགས་ལུགས་ནི་སུས་ཀྱང་བཤད་མི་ནུས། སྡེ་བར་འཇའ་དགོན་པ་ཞེས་པའི་ལྷ་ཁང་ཆུང་ངུ་ཞིག་ཀྱང་ཡོད། ཤར་རྒྱུད་ཀྱི་རི་བོའི་ངོས་སུ་མིང་མི་ཤེས་པའི་ལབ་ཙེའང་འགའ་ཤས་ཀྱང་ཡོད། ལོ་སར་སོགས་ལ་དར་ལྕོག་འདོགས་པ་དང་བསང་གཏོང་བ། གཏེར་སྦ་བ་སོགས་ཀྱི་མཆོད་འབུལ་བྱེད་སྲོལ་ཆགས་ཡོད།