དཔའ་རིན་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:17ལ་འགྲུབ།

དཔའ་རིན་སྡེ་བ།

དཔའ་རིན་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ4མཚམས་སུ་གནས་པའི་རི་བོ་ཀླུ་དབང་རྒྱལ་པོའི་འདབས་རོལ་དུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
桦林村
ལ་ཏིང་གི་མིང་།
dpav rin sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2600ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་འདན་མ་གྲོང་རྡལ་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ4མཚམས་སུ་གནས་པའི་རི་བོ་ཀླུ་དབང་རྒྱལ་པོའི་འདབས་རོལ་དུ་ཆགས་ཡོད། མཚོ་འཕགས་སྨི2600ཡོད་ཅིང་། དུད་ཁྱིམ270དང་མི་གྲངས1400ལྷག་ཡོད། སྡེ་བ་འདི་ནི་དགོན་ལུང་སྒར་བ་བཅུ་གསུམ་གྱི་ཡ་གྱལ་དཔའ་རིན་སྒར་བའི་འབངས་སུ་གཏོགས་པས། སྡེ་མིང་ལ་དཔའ་རིན་དུ་ཐོགས། དཔའ་རིན་སྡེ་བའི་དཔའ་རིན་སྒར་བ་དེ། ད་སྐབས་སྡེ་མི་རྣམས་ཀྱིས་སྒར་བ་འདི་ལ་དགོན་དུ་འབོད། ནང་དུ་ལྷ་མོ་དམག་ཟོར་མའི་སྐུ་རྟེན་ཡོད་པས། ལྷ་མོའི་ལྷ་ཁང་ཡང་ཟེར། ལྷ་ཁང་དེ་འདན་མ་གྲོང་རྡལ་དུ་ཧ་ཅང་གྲགས་སྐད་ཆེ། དཔའ་རིན་སྡེ་བ་ནི་དགོན་ལུང་དགོན་པའི་ལྷ་སྡེ་ཡིན་པས། དཔའ་རིན་ལྷ་ཁང་གི་སྐུ་རྟེན་གཙོ་བོའང་རྒྱལ་སྲས་ཚང་གིས་དགོན་ལུང་གི་གནས་བདག་ཏུ་བཀའ་བསྒོས་བྱས་པའི་སོག་པོའི་དམག་དཔོན་ཀེ་རེལ་ཐུ་ཞེས་པ་དེ་ཡིན། དཔའ་རིན་སྡེ་བའི་རྒྱབ་ཕྱོགས་ཀྱི་ལབ་ལུང་ཞེས་པར། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུའི་སྐབས་སུ་ལས་པའི་ཆུ་མཛོད་ཆེན་པོ་ཞིག་ཡོད་ལ། ཀུན་གྱིས་དཔའ་རིན་ཆུ་མཛོད་དུ་འབོད། ད་ལྟ་དཔའ་རིན་སྡེ་བར་རྒྱབ་རི་ཀླུ་དབང་རྒྱལ་པོ། ཡང་གསལ་ལྷ་ཁང་། དཔའ་རིན་ལྷ་ཁང་སོགས་ཀྱི་རིག་གནས་ཤུལ་བཞག་སྣང་།