རྡོ་དཀར་ཐང་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:16ལ་འགྲུབ།

རྡོ་དཀར་ཐང་སྡེ་བ།

རྡོ་དཀར་ཐང་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ9མཚམས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
锦州村
ལ་ཏིང་གི་མིང་།
rdo dkar thang sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་འདན་མ་གྲོང་རྡལ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2900ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་འདན་མ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ9མཚམས་སུ་ཆགས་ཡོད། སྡེ་བ་འདི་མཚོ་འཕགས་སྨི2900ཡོད་ཅིང་། དུད་ཁྱིམ386དང་མི་གྲངས1800ལྷག་ཡོད། དེ་ལས་བོད་དང་ཧོར་རིགས་ཀྱིས25%ཙམ་ཟིན། སྡེ་བའི་ཤར་ཕྱོགས་ཀྱི་ལུང་པ་དེར་སྔར་རྡོ་རྗེ་གླིང་དགོན་ཞེས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཞིག་ཆགས་ཡོད། དགོན་དེ་ལ་རྒྱ་སྐད་དུ“金刚寺”ཞེས་འབོད། སྡེ་བ་འདི་རྡོ་རྗེ་གླིང་དགོན་པའི་ལྷ་སྡེ་ཡིན་པས་ན། ཐོག་མར་སྡེ་མིང་རྒྱ་སྐད་དུ“金庄”ཞེས་ཐོགས་པ་དང་། ཕྱིས་སྡེ་མིང་ཡག་པོ་བཟོ་ཆེད “锦州"ལ་བསྒྱུར་བ་ཡིན། རྡོ་དཀར་ཐང་སྡེ་བ་ལས་ཐུར་དུ་ལུང་པ་གཉིས་ཡོད་པ་རྡོ་དཀར་ལུང་པ་དང་ཟུར་རི་ལུང་པ་ཞེས་འབོད། ལུང་པ་སྔ་མར་བོད་རིགས་འབྲོག་པ་དག་འདུས་སྡོད་གནང་ཡོད་ཅིང་། ཕྱི་མར་རྡོ་རྗེ་འཆང་དགོན་པའི་གནའ་ཤུལ་ཡོད་ལ། གེ་སར་རིག་གནས་ཀྱི་གནའ་ཤུལ་ཡང་མང་པོ་ཡོད།