བར་མ་སྡེ་བ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2023-05-09 15:15ལ་འགྲུབ།

བར་མ་སྡེ་བ།

བར་མ་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ས་སྐྱེགས་ལ་ཁ་ཡུལ་ཚོའི་བྱང་ཕྱོགས་སུ་ཆགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
哇麻村
ལ་ཏིང་གི་མིང་།
bar ma sde ba
སྲིད་འཛིན་ཁོངས་གཏོགས།
མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་རྫོང་ས་སྐྱེགས་ལ་ཁ་ཡུལ་ཚོ།
སྲིད་འཛིན་རིགས་དབྱེ།
སྡེ་བ།
མཚོ་འཕགས།
སྨི2600ཡོད།
1 ངོ་སྤྲོད། 

སྡེ་བ་འདི་ནི་ས་སྐྱེགས་ལ་ཁ་ཡུལ་ཚོའི་བྱང་ཕྱོགས་སུ་ཆགས་ཡོད། མཚོ་འཕགས་སྨི2600ཡོད་ཅིང་། དུད་ཁྱིམ160དང་མི་གྲངས600ལྷག་ཡོད། དེ་ལས་བོད་ཁྱིམ་གྱིས་སུམ་ཆའི་གཅིག་ཙམ་ཟིན། སྡེ་མིང་ལ་བར་མ་ཞེས་པ་ནི་བོད་སྐད་ཤ་སྟག་ཏུ་བཤད། བར་མ་སྡེ་བའི་བྱང་ཤར་ཕྱོགས་ཀྱི་སྤྱི་ལེ2མཚམས་སུ་བྲག་ཁུང་ནག་པོ་ཞེས་པའི་ལུང་པ་ཞིག་ཡོད། ལུང་པ་དེར་ཆོས་ལུང་དགོན་པ་ཞེས་པའི་བོད་བརྒྱུད་ནང་བསྟན་དགོན་པའི་གནའ་ཤུལ་ཞིག་གནས། དེ་མིན་འབུམ་ཁང་དང་ཀ་དུང་ལབ་ཙེ་སོགས་མང་དུ་སྣང་།